ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བར་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་བ།

2021-10-09
Share
ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བར་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་བ། ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བར་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩོལ་བཞོན་པ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

ཐེ་ཝན་གྱི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་སོགས་ནས་གསོལ་འདེབས་གནང་དོན་ལྟར།ཐའེ་ཝན་གྱི་དད་ལྡན་ཚོར་༧གོང་ས་མཆོག་གིས་ལོ་རེའི་འཆར་ཅན་གྱི་བཀའ་ཆོས་དེ།སྤྱི་ཟླ་༡༠པའི་ཚེས་༩ནས་དབུ་འཛུགས་ཀྱིས་ཉི་མ་གཉིས་རིང་རྗེ་ཙོང་ཁ་པ་ཆེན་པོའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་གནང་བཞིན་པ་ལས།ཉི་མ་དང་པོར་༧གོང་ས་མཆོག་གིས་སྤྱི་བཤད་ཀྱི་ཚུལ་དུ་ནང་ཆོས་ངོ་སྤྲོད་དང་།རྟེན་འབྲེལ་བསྟོད་པ་བཀའ་ཁྲིད་གང་འཚམས་ཀྱི་རྗེས་སུ།ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཅིག་གནང་སྐབས།༧རྒྱལ་བ་རིན་པོ་ཆེ་ང་ཚོའི་བླ་མ་ཡིན་ཟེར་ནའང་།༧རྒྱལ་བ་རིན་པོ་ཆེའི་ཉམས་ལེན་གཙོ་བོ་ལ་དོ་སྣང་མ་བྱས་ན།ཏཱ་ལའི་བླ་མ་ཟེར་བསྡད་པས་ཕན་གྱི་མེད་པར་བརྟེན།བླ་མ་ལ་དཔེ་བལྟས་ནས་བླ་མའི་རྗེས་སུ་བསླབ་དགོས་པ་བཀའ་གནང་བ་སོགས་ཞིབ་ཕྲའི་གནས་ཚུལ་བློ་བྷེ་ལགས་ཀྱིས་བཞུགས་སྒར་ནས་བཏང་བར་གསན་རོགས།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།