སངས་རྒྱས་ཀྱི་གསུང་གི་གཙོ་བོ་ནི་རྟེན་འབྱུང་ཡིན་པ།

2021-10-14
Share
སངས་རྒྱས་ཀྱི་གསུང་གི་གཙོ་བོ་ནི་རྟེན་འབྱུང་ཡིན་པ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐོག་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བས་གཙོས་པའི་རྒྱ་མི་རིགས་ཀྱི་ཆོས་ཞུ་བ་ཚོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་གནང་ཡོད་ཅིང་།  གསུང་ཆོས་ཉིན་གཉིས་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐོག་མར་བདེན་པ་བཞིའི་ཆོས་འཁོར་གསུངས་ཡོད་པ་ངོ་སྤྲོད་གནང་པའི་ཐོག་སངས་རྒྱས་ཀྱི་གསུང་གི་གཙོ་བོ་ནི་རྟེན་འབྱུང་ཡིན་པ་སོགས་དང་།  དེ་ནས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་སོགས་གནང་པའི་ཞིབ་ཕྲའི་ནང་དོན་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་། 

གསར་འགོད་པ། སྒྲོལ་དཀར།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།