བྱང་ཨ་མི་རི་ཀའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༩ པ།

2021-11-30
Share
བྱང་ཨ་མི་རི་ཀའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༩ པ། བཀྲ་ཤིས་ལམ་བཟང་། བསྟན་འཛིན་ཆོས་བཟང་། བློ་བཟང་རྡོ་རྗེ།
བཀྲ་ཤིས་ལམ་བཟང་། བསྟན་འཛིན་ཆོས་བཟང་། བློ་བཟང་རྡོ་རྗེ།

བྱང་ཨ་མི་རི་ཀའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༩ པ་འདི་བཞིན་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་བྱང་ཀེ་ལི་ཕོར་ནི་ཡའི་ས་གནས་སེན་ཕརེན་སིསྐོ་རུ་སྐོང་ཚོགས་གནང་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་རྒྱུར་གྱུར་བ་༧གང་ཉིད་ཀྱི་༧སྐུ་ཕྱྭའི་སླད་བོད་མི་ནང་ཁུལ་མཐུན་ལམ་གོང་བུ་ཆིག་སྒྲིལ་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུ་དང་། ཨ་རིའི་ནང་དུ་བོད་མི་ན་གཞོན་ཚོར་བོད་རང་བཙན་གྱི་ལོ་རྒྱུས་དང་བོད་མིའི་སྐད་ཡིག་རིག་གཞུང་གོ་བསྐོན་གྱི་ལས་གཞི་སྤེལ་རྒྱུ་སོགས་ཀྱི་གྲོས་ཆོད་དོན་ཚན་ཉི་ཤུ་ཙམ་གཏན་འབེབས་བྱས་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ། ཉིན་གསུམ་གྱི་ཚོགས་འདུའི་ཐོག་ཚོགས་བཅར་བ་བྱང་ཨ་རིའི་ས་གནས་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་གསུམ་གདན་ཞུས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།