རྒྱ་ནག་གི་དམག་མིས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ནས་ན་གཞོན་ཞིག་བཙན་ཁྲིད་བྱས་ཡོད་པ།

2022-01-21
Share
རྒྱ་ནག་གི་དམག་མིས་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ནས་ན་གཞོན་ཞིག་བཙན་ཁྲིད་བྱས་ཡོད་པ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ནས་རྒྱ་ནག་གི་དམག་མིས་སྤྱི་ཚེས་༡༨ཉིན་བཙན་ཁྲིད་བྱས་ཡོད་པའི་ན་གཞོན་ Miram Taron།
Tapir Gao twitter.

རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བོད་དང་རྒྱ་གར་གྱི་ས་མཚམས་ནས་ཨ་རུ་ན་ཅལ་མངའ་སྡེའི་ན་གཞོན་ཞིག་རྒྱ་ནག་གི་དམག་མིས་སྤྱི་ཚེས་༡༨ཉིན་ས་མཚམས་ནས་བཙན་ཁྲིད་བྱས་ཡོད་པ་དང། ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ནས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་ལྡི་མཆོག་དང་རྒྱ་གར་གཞུང་གིས་ན་གཞོན་ཁོང་གང་མགྱོགས་གློད་གྲོལ་ཡོང་བའི་རེ་བསྐུལ་ཞུས་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།