བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་གྲོས་ཚོགས་དབུ་འཛུགས་གནང་སོང་།

2022.03.21
Share on WhatsApp
Share on WhatsApp
བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་གྲོས་ཚོགས་དབུ་འཛུགས་གནང་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ། ༠༣།༢༡།༢༠༢༢
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་སྔོན་རྩིས་ཀྱི་གྲོས་ཚོགས་དེ་བཞིན། འདི་ཚེས་༢༡ཉིན་བཞུགས་སྒར་གངས་སྐྱིད་གྲོས་ཚོགས་ཁང་དུ་འགོ་འཛུགས་གནང་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༢་ནས་༢༣ལོའི་སྔོན་རྩིས་ཐད་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་རྒྱ་གར་གྱི་སྒོར་མོ་ས་ཡ་༢༥༣༥་༡༤འཆར་འབུལ་གནང་ཡོད་པ་དང་། དེ་རྩིས་ལོ་༢༠༢༡ནས་༢༢ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་༢༦༩༨་༡༣ལས་སྒོར་ས་ཡ་༡༦༢་༩༩དང་བརྒྱ་ཆ་༦་༠༤ཉུང་བ་ཆགས་ཀྱི་ཡོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གྲོས་ཚོགས་ནང་སྙན་སྒྲོན་གནང་སོང་༢༢ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་༢༦༩༨་༡༣ལས་སྒོར་ས་ཡ་༡༦༢་༩༩དང་བརྒྱ་ཆ་༦་༠༤ཉུང་བ་ཆགས་ཀྱི་ཡོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་གྲོས་ཚོགས་ནང་སྙན་སྒྲོན་གནང་སོང་།
རྩིས་ལོ་འདིའི་ནང་བཀའ་ཤག་གིས་རྒྱབ་གཉེར་གནང་བའི་འགྲོ་གྲོན་ལ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ངོས་ནས་སྤར་གཅོག་གང་ཡང་བྱས་མེད་པ་ཚོགས་ཚུང་དེ་ཉིད་ཀྱི་ཚོགས་གཙོས་སྙན་སྒྲོན་གནང་ཞིང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་འབབ་ཐོག་འཆར་འབུལ་གྱིས་ཕྱོགས་བསྡོམས་ཆེད་ཧིན་སྒོར་ནང་བཀའ་ཤག་གིས་འཛའ་ཐང་གང་བསྒྱུར་གནང་བ་ཇི་བཞིན་ལ་རྒྱབ་གཉེར་ཞུས་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༢ནས་༢༣ལོའི་སྔོན་རྩིས་འཆར་འབུལ་བརྒྱ་ཆ་སྐོར་བའི་ནང་། ཤེས་རིག་ལ་བརྒྱ་ཆ་༣༣་༨༩དང་། འཕྲོད་བསྟེན་ལ་བརྒྱ་ཆ་༡༠་༧༤ཆབ་སྲིད་ལ་བརྒྱ་ཆ་༢༠་༤༨ ཆོས་རིག་ལ་བརྒྱ་ཆ་༣་༡༢ ངེས་ཅན་ལ་བརྒྱ་ཆ་༠༌༡༠ སྤྱི་ཚོགས་ལ་བརྒྱ་ཆ་༢༠་༤༥ ཁྲིམས་བཟོ་ལ་བརྒྱ་ཆ་༢་༨༥བཅས་འཁོད་འདུག་པ་མ་ཟད། ད་རེས་ཀྱི་སྔོན་རྩིས་འཆར་འབུལ་ནང་འཛིན་སྐྱོང་ལ་བརྒྱ་ཆ་༨་༣༦ལས་འཁོད་མེད་པ་དེ་ནི་རྩིས་ལོ་སྔོན་མའི་འཛིན་སྐྱོང་ལ་བརྒྱ་ཆ་༢༡་༩ཡོད་པ་ལས་བརྒྱ་ཆ་༡༣་༥༤ཉུང་བ་ཆགས་འདུག དེས་འབྱུང་འགྱུར་༢༠༢༢དང ༢༣ལོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་འགྲོ་གྲོན་ཧ་ཅང་གི་ཉུང་དུ་བཏང་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག

cta (2).JPG
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། ཉིན་འདིའི་སྔ་དྲོ་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བའི་སྐབས། བོད་ནང་གི་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་མུས་ཡིན་པའི་ཁར། རྒྱ་ནག་གཞུང་གི་སྲིད་བྱུས་འོག་ད་སྐབས་བོད་ཀྱི་སྐད་ཡིག་དང་། བོད་བརྒྱུད་ནང་བསྟན་སོགས་ནི་ཧ་ཅང་གི་ཉེན་ཁའི་འོག་གནས་ཡོད་པ་གསུངས་ཤིང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙལ་བྱོལ་སྒྲིག་འཛུགས་འདི་ཐོག་མ་ནས་མང་གཙོ་ཅན་དུ་བསྒྱུར་ཡོད་པ་དང་། མང་གཙོའི་སྒྲིག་འཛུགས་འདིའི་གཞི་འཛིན་ས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིན་པར་བརྟེན། དེའི་ནང་ང་ཚོར་བསྐུར་བའི་འགན་དབང་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་བདེ་ཐབས། བོད་ནང་གི་བོད་མི་ཚོ་དཀའ་ངལ་ལས་སྐྱོབ་ཐབས་དགོས་པ། དེ་བཞིན་བོད་ནང་གི་ཁོར་ཡུག་གནས་སྟངས་ཐོག་ཞུ་སྐུལ་དང་གླེང་སློང་དགོས་པ་གསུངས་གནང་སོང་།
གཞན་ཡང་ད་ཐེངས་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དང་པོའི་ཐོག བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་དོན་ཚན་ཁག་ལྔ་ཡོད་པ་དེ་དག་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གང་བྱུང་གཅོད་འབྲེག་བྱས་པ་སོགས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་མེད་བཏང་དང་གཏོང་མུས་ཡིན་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།