བཀའ་ཤག་གིས་རྒྱ་ནག་གཞུང་ལ་དྲན་ཐོ་ཡིག་ཆ་ཞིག་འབུལ་འཆར་ཡོད་འདུག

2022.03.30
Share on WhatsApp
Share on WhatsApp
བཀའ་ཤག་གིས་རྒྱ་ནག་གཞུང་ལ་དྲན་ཐོ་ཡིག་ཆ་ཞིག་འབུལ་འཆར་ཡོད་འདུག སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས། ༠༣།༢༩།༢༢
Tibettv

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་༣པའི་ཐོག ཕྱི་ཟླ་༣པའི་ཚེས་༢༩ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་སྐབས་༡༦པའི་བཀའ་ཤག་གི་ངོས་ནས་ཆབ་སྲིད་དང་འཛིན་སྐྱོང་། སྤྱི་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྲོས་ཚོགས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྙན་གསན་ཕུལ་ཞིང་། བཀའ་ཤག་གི་ངོས་ནས་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་པའི་དབུ་མའི་ལམ་གྱི་སྲིད་ཇུས་གཞིར་བཟུང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་གྲོས་མོལ་ཡོང་ཐབས་ལ་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན་གསུངས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་རྒྱ་ནག་སྲིད་འཛིན་གྱི་མཚན་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད་ནའང་། ཡིག་ཆ་དེ་གནས་སྐབས་ཕྱིར་འཐེན་བྱས་ཡོད་པ་དང་། དུས་སྟབས་འགྲིག་ན་འབུལ་རྩིས་ཡོད་ཅེས་གསུངས་ཡོད་པ་རེད།
བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་དྲན་ཐོ་དེའི་སྐོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་༣༢འཁོར་བའི་དུས་དྲན་མཛད་སྒོ་༢༠༢༡སྤྱི་ཟླ་༡༢པའི་ཚེས་༡༠ཉིན་གནང་སྐབས། བཀའ་ཤག་གི་གསུང་འཕྲིན་ནང་“བོད་རྒྱའི་དཀའ་རྙོག་འདི་གཙང་སེལ་མ་བྱུང་བར་དུ། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་དང་། དེ་མཚུངས་སུ་རྒྱ་གཞུང་གི་ནོར་འཁྲུལ་སྲིད་ཇུས་དེ་རིགས་མཚམས་འཇོག་དང་ཡོ་བསྲང་དགོས་པའི་ཡིག་ཆ་ཞིག་ཀྱང་རྒྱ་ནག་གཞུང་ལ་རིང་མིན་སྤྲོད་འཆར་ཡོད།”ཅེས་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།