རྒྱ་ནག་གཞུང་གིས་མང་ཚོགས་ལ་སྒོར་མོ་སྤྲད་ནས་གནས་ཚུལ་རྩིས་སྤྲོད་བྱེད་པར་འགུག་ཐབས་བྱེད་བཞིན་འདུག

2022.06.07
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་མང་ཚོགས་ལ་སྒོར་མོ་སྤྲད་ནས་གནས་ཚུལ་རྩིས་སྤྲོད་བྱེད་པར་འགུག་ཐབས་བྱེད་བཞིན་འདུག རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉེན་རྟོག་སྐོར་སྲུང་བ། ༠༣།༠༤།༢༠༢༡
AP

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ཚེས་༧ཉིན་བསྒྲགས་པའི་སྒྲིག་གཞི་གསར་བ་ཞིག་གི་ནང་། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་མཐོང་བ་དང་། ཡང་ན་ཐོས་ཚེ་གོང་རིམ་ལ་ཡར་ཞུ་བྱེད་རྒྱུར་སྐུལ་སློང་བྱས་ཡོད་པ་མ་ཟད། ཡར་ཞུ་རྩིས་སྤྲོད་བྱེད་མཁན་ལ་རྒྱ་སྒོར་འབུམ་གཅིག་གི་བྱ་དགའ་སྤྲོད་རྒྱུ་ཡིན་པ་བསྒྲགས་འདུག འདི་ནི་རྒྱ་ནག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་ནས་བྱ་དགས་འགུག་ཐབས་བྱས་བའི་ལས་དོན་ཐོག་མ་དེ་མིན་ལ། དེ་སྔ་༢༠༡༧ལོར་པེ་ཅིང་གྲོང་ཁྱེར་གྱི་གསང་མྱུལ་བའི་ཁུངས་སྣེ་ཤེས་མཁན་ལ་རྒྱ་སྒོར་འབུམ་ལྔ་ཡི་བྱ་དགའ་སྤྲད་མྱོང་ཡོད་པ་རེད།
གོང་ཞུས་སྒྲིག་གཞི་གསར་བ་དེའི་ནང་། མང་ཚོགས་ཀྱིས་ཁ་པར་ཨང་གྲངས་༡༢༣༣༩དང་དྲ་རྒྱ། ཡང་ན་ཡི་གེ་བསྐུར་རྒྱུ། དེ་མིན་དངོས་སུ་ཕེབས་ནས་ཡར་ཞུ་བྱས་ཆོག་པ་དང་། མིང་ངོ་མའི་ཐོག་ནས་གོང་རིམ་ལ་གནས་ཚུལ་རྩིས་སྤྲོད་བྱེད་རྒྱུར་སྐུལ་སློང་བྱས་འདུག
རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་གནས་ཚུལ་གྱི་གལ་ཆེ་ཆུང་ལ་གཞིགས་ནས་གཟེངས་རྟགས་ཡི་གེ་དང་། ཡང་ན་སྒོར་མོའི་བྱ་དགའ་སྤྲོད་རྒྱུ་དང་། བྱས་རྗེས་ཀྱི་ཆེ་ཆུང་ལྟར་རིམ་པ་བཞི་རུ་དབྱེ་སྟེ་ཉུང་མཐར་རྒྱ་ནག་གི་ཤོག་སྒོར་ཁྲི་གཅིག་དང་། མང་ཤོས་ཁྲི་བཅུ་ཡི་བྱ་དགའ་ཡོད་ཅེས་བཀོད་འདུག
རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འབྲེལ་ཡོད་མི་སྣས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་ནག་གི་བདེ་འཇགས་ཀྱི་གནས་སྟངས་དེ་ཧ་ཅང་གི་གལ་ཆེན་དང་ཛ་དྲག་ཡིན། ལྷག་པར་དུ་ཕྱིའི་གསང་བའི་ལས་ཁུངས་དང་དགྲ་འཛིན་སྟོབས་ཤུགས་སྣ་ཚོགས་ཀྱིས་སིམ་འཛུལ་དང་གསང་བའི་ལས་འགུལ་རིགས་ཇེ་མང་དུ་སོང་ཡོད་པ་མ་ཟད། རྒྱ་ཆེན་ངང་ཐབས་སྣ་ཚོགས་སྤྱོད་བཞིན་པ་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎