རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་བརྡལ་གཤིག་གཏོང་བཞིན་པར་ཨ་རིའི་གྲོས་ཚོགས་ཀྱིས་སྐྱོན་བརྗོད།


2020.01.09
ཨ་རིའི་གྲོས་ཚོགས་གོང་འོག་གི་ཆེས་མཐོའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཕྱི་ལོ་ ༢༠༡༩་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་སྐབས། ༢༠༢༠།༡།༨ ཨ་རིའི་གྲོས་ཚོགས་གོང་འོག་གི་ཆེས་མཐོའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཕྱི་ལོ་ ༢༠༡༩་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་སྐབས། ༢༠༢༠།༡།༨
RFA

མ་འོངས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་ཨ་རིས་རྒྱ་ནག་གཞུང་གི་འབྲེལ་ཆགས་དཔོན་རིགས་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་གསུངས་སོང་།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Mcgovern)་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་འགན་དབང་ཆ་ཚང་༧གོང་ས་མཆོག་སྐུ་ཉིད་ལ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཞུང་གི་འབྲེལ་ཆགས་དཔོན་རིགས་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་ཕྱི་ཟླ་ ༡་ཚེས་ ༨་ཉིན། ཨ་རིའི་གྲོས་ཚོགས་ཀྱི་(Congressional-Executive Commission on China)ཨ་རིའི་གྲོས་ཚོགས་གོང་འོག་གི་ཆེས་མཐོའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཕྱི་ལོ་ ༢༠༡༩ ་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་གྱི་ལོ་འཁོར་སྙན་ཐོ་ཡོངས་གྲགས་འདོན་སྤེལ་གྱི་གསལ་བསྒྲགས་གནང་སྐབས་གསུངས་ཡོད་པ་རེད།  སྙན་ཐོའི་ནང་དོན་དང་འབྲེལ་སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ལས་དོན་ཚོགས་ཆུང་དེའི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim Mcgovern)་དང་། གྲོས་ཚོགས་གོང་མའི་འཐུས་མི་(Marco Rubio)་གཙོ་བོར་གྱུར་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་བརྡལ་གཤིག་གཏོང་བཞིན་པ་མ་ཟད། ཆབ་སྲིད་སློབ་གསོ་སྤེལ་བཞིན་པའི་སྐོར་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་ལུགས་གསུངས་གནང་བ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ལྟ་སྤྱོད་རྒྱ་བསྐྱེད་བྱེད་བཞིན་པ་སོགས་ཀྱི་སྐྱོན་བརྗོད་གནང་ཡོད་པ་རེད། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་དེས་བཏོན་པའི་སྙན་ཐོའི་ནང་འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་དཀའ་ངལ་སེལ་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚབ་དབར་གྲོལ་མོལ་བསྐྱར་གསོའི་ཆེད་ལས་དོན་གོམས་སྟབས་གསར་པ་གང་ཡང་སྤེལ་མེད་པའི་སྐྱོན་བརྗོད་གནང་པར་མ་ཟད། བོད་ཀྱི་ཆོས་སྡེ་ཆེན་པོ་ཡ་ཆེན་སྒར་བཏོར་བཤིག་གིས་གྲྭ་བཙུན་ཕྱིར་འབུད་བྱས་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་དམ་དྲག་བྱེད་པ། བོད་ཀྱི་སྐད་ཡིག་ལོངས་སུ་སྤྱོད་རྒྱུར་མུ་འཐུད་དམ་དྲག་བྱེད་བཞིན་པ་སོགས་ཀྱི་ཐད་སྐྱོན་བརྗོད་གནང་པར་མ་ཟད། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཤིག་གིས་བོད་དུ་གསར་འགོད་པ་འགྲོ་རྒྱུ་ནི་བྱང་ཀོ་རི་ཡ་ནང་འགྲོ་རྒྱུ་ལས་ཁག་པ་ཡོད་པ་གསལ་བསྒྲགས་བྱས་པ་དེ་ཡང་ལུང་འདྲེན་གནང་འདུག
ས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས་ཨ་རིའི་ ༢༠༡༩ ་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་བཏོན་པ་དེའི་ཐོག་བདུན་ཕྲག་རྗེས་མར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བགྲོ་གླེང་དང་གཏན་འབེབས་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་གསུངས་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ ༢༨ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎