ཧོང་ཀོང་དང་འབྲེལ་ཡོད་དཔོན་རིགས་ཞིག་རྒྱ་ནག་གི་ཆབ་སྲིད་སློབ་སྟོན་པའི་གྲས་སུ་བསྐོ་བཞག་བྱས་འདུག

2022.05.31
Share on WhatsApp
Share on WhatsApp
ཧོང་ཀོང་དང་འབྲེལ་ཡོད་དཔོན་རིགས་ཞིག་རྒྱ་ནག་གི་ཆབ་སྲིད་སློབ་སྟོན་པའི་གྲས་སུ་བསྐོ་བཞག་བྱས་འདུག རྒྱ་ནག་གི་ཧོང་ཀོང་དང་མ་ཀའོ་ལས་དོན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་ཀྲང་ཞིའོ་མིང་(Zhang Xiaoming) ༢༠༢༠
AFP

འདི་ཚེས་༣༡ཉིན་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ཧོང་ཀོང་དང་མ་ཀའོ་ལས་དོན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་ཀྲང་ཞིའོ་མིང་(Zhang Xiaoming)་རྒྱ་ནག་མི་མང་ཆབ་སྲིད་སློབ་སྟོན་ཁང་དུ་བསྐོ་གཞག་བྱས་ཡོད་པ་ལྟར། དོ་བདག་ས་གནས་ནས་ཕྱོཌ་བསྐྱོད་ཟིན་ཡོད་འདུག རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས། ཁོ་པ་རྒྱ་ནག་མི་མང་ཆབ་སྲིད་སློབ་སྟོན་པར་བསྐོ་བཞག་གནང་དགོས་གཙོ་བོ་ནི། ཁོང་གིས་ཁུལ་དེར་ལོ་༣༠ལྷག་ལས་ཀ་བྱས་པའི་ཉམས་མྱོང་ཡོད་པར་བརྟེན་སླད་ཕྱིན་ཆད་ནས་ཧོང་ཀོང་དང་མ་ཀའོ་གཉིས་དང་འབྲེལ་བའི་ལས་དོན་སྤྱི་དང་བྱེ་བྲག་ཏུ་ས་གནས་དེ་གཉིས་ཀྱི་མི་མང་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུ་ཡིན་ལུགས་
འགྲེལ་བརྗོད་བྱས་འདུག
རང་ལོ་༥༨ལ་སླེབས་པ་ཀྲང་ལ་ཕྱི་འབྲེལ་གྱི་ཉམས་མྱོང་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་མི་མང་ཆབ་སྲིད་སློབ་སྟོན་ཁང་དེ་མིང་ཙམ་མ་ཡིན་པར་ལས་དོན་དངོས་སྒྲུབ་མཁན་ཞིག་ཆགས་རྒྱུར་དམིགས་ཡུལ་འཛིན་གྱི་ཡོད་
འདུག གནས་ཚུལ་ནང་ཐོན་པར་གཞིགས་ན། ཁོང་དང་ཞི་ཅིན་ཕིང་གཉིས་ལོ་ཉི་
ཤུའི་གོང་མཉམ་དུ་ལས་ཀ་བྱས་མྱོང་ཡོད་འདུག སྐབས་དེར་ཞི་ཅིན་ཕིང་ཀྲེ་ཅང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་གཙོ་འཛིན་ཡིན་པ་རེད། ཀྲང་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡིད་ཆེས་ཆེན་པོ་བྱེད་སའི་མི་སྣ་ཞིག་ཡིན་འདུག

གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎