རྒྱ་ནག་གི་གསར་འགོད་པ་ཞིག་ལ་གསང་མྱུལ་གྱི་བྱ་སྤྱོད་སྤེལ་བར་སྙད་ནས་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

2024.11.29
རྒྱ་ནག་གི་གསར་འགོད་པ་ཞིག་ལ་གསང་མྱུལ་གྱི་བྱ་སྤྱོད་སྤེལ་བར་སྙད་ནས་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།
Reuters
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ GuangMing ཉིན་རེའི་ཚགས་ཤོག་གི་རྩོམ་སྒྲིག་པ་རྒན་པ་དང་དཔྱད་བརྗོད་ཚན་པའི་འགན་འཛིན་གཞོན་པ་ Dong Yuyu ཡི་ནང་མིས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ལ་བརྗོད་ན། སྤྱི་ཟླ་༡༡ཚེས་༢༩ཉིན་པེ་ཅིང་ཁྲིམས་ཁང་གིས་ Dong Yuyu ཡིས་གསང་མྱུལ་གྱི་བྱ་སྤྱོད་སྤེལ་བར་སྙད་བཏགས་ནས་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཏག་བཅད་ཡོད་པ་རེད།
ཨ་རིའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་བར་ལྟ་ར་ན། ད་ལྟ་རང་ལོ་༦༢ཡིན་པའི་ Dong Yuyu དེ་སྔ་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་གཉིས་པའི་ནང་ཉི་ཧོང་གི་ཕྱི་འབྲེལ་དཔོན་རིགས་ཤིག་དང་མཉམ་དུ་ཉིན་གུང་ཟ་མ་ཟ་བཞིན་པའི་སྐབས་སུ་པེ་ཅིང་གི་ཉེན་རྟོག་པས་བཙན་འཁྲིད་ཀྱིས་བཀག་སྐྱིལ་བྱས་ཡོད་པ་དང་། རྗེས་སུ་གསང་མྱུང་བའི་ཉེས་མིང་འོག་ཁྲིམས་གཏུགས་བྱས་ཡོད་པ་རེད།
2024-11-29T021314Z_715658032_RC2OEBAUEXXA_RTRMADP_3_CHINA-POLITICS-JOURNALIST.JPG
ད་རེས་རེས་གཟའ་པ་སངས་ཉིན་ Dong Yuyu ལ་ཁྲིམས་ཐག་བཅད་པའི་སྐབས་སུ་པེ་ཅིང་འབྲིང་མི་དམངས་ཁྲིམས་ཁང་གཉིས་པའི་ཕྱི་རོལ་དུ་སྲུང་ཆའི་དམ་དྲག་ནན་མོ་བྱེད་བཞིན་ཡོད་ཅིང་། ཉེ་འཁོར་དུ་ཉུང་མཐར་ཡང་ཉེན་རྟོག་པའི་རླངས་འཁོར་༧འགྲེམ་འཇོག་བྱས་ཡོད་པ་རེད་ལ། ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་རྣམས་ས་གནས་ནས་འགྲོ་དགོས་པའི་བཀག་སྡོམ་བྱས་ཡོད་པ་རེད།
གོང་ཞུས་ཨ་རིའི་གསར་འགོད་པའི་མཐུན་ཚོགས་ཀྱིས་འདི་ལོའི་སྤྱི་ཟླ་༩པའི་ནང་སྤེལ་བའི་སྤྱི་བསྒྲགས་ལྟར་ན། པེ་ཅིང་ཁྲིམས་ཁང་གིས་དེ་སྔ་སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ནང་གྱོད་དོན་དེའི་ཐད་གསང་བའི་སྒོ་ནས་ཁྲིམས་ར་ཚོགས་པ་ནས་བཟུང་ Dong Yuyu པེ་ཅིང་གི་བཙོན་ཁང་ཞིག་ཏུ་བཅུག་ནས་ཁྲིམས་ཐག་བཅད་རྒྱུར་སྒུག་ནས་བཞག་ཡོད་པ་རེད།
Dong Yuyu དེ་སྔ་འཛིན་བཟུང་མ་བྱས་གོང་ནམ་རྒྱུན་རྒྱ་ནག་ཏུ་བཅར་སྡོད་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་དཔོན་རིགས་དང་གསར་འགོད་པ་སོགས་ཐུག་འཕྲད་ཀྱི་བྱེད་ཀྱི་ཡོད་ཅིང་། དེ་སྔ་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༢ཚེས་༢༡ཉིན་པེ་ཅིང་གི་Xin Qiao གསོལ་འགྲོན་ཁང་དུ་ཁོང་དང་ཐུག་འཕྲད་བྱེད་མཁན་ཉི་ཧོང་གི་ཕྱི་འབྲེལ་དཔོན་རིགས་དེ་ཡང་རྒྱ་ནག་གི་ཉེན་རྟོག་པས་ཆུ་ཚོད་ཁ་ཤས་ཀྱི་རིང་བཀག་སྐྱིལ་བྱས་ཡོད་པས། ཉི་ཧོང་གིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།
 Dong Yuyu དེ་སྔ་སྤྱི་ལོ་༢༠༠༦དང་༢༠༠༧ལོར་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ Nieman གསར་འགོད་ཐེབས་རྩའི་ཞིབ་འཇུག་པ་བྱེད་མྱོང་ཡོད་པ་རེད།
ཁོང་གི་ནང་མིས་བརྗོད་ན་ཁོང་ལ་ཉེས་འཛུགས་དང་ཁྲིམས་གཅོད་དེ་ནི་ཁོང་གིས་དེ་སྔོན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་བ་བརྟེན་ནས་ཉེས་པ་ཕོག་པ་ཞིག་དང་དེ་བཞིན་རྒྱ་ནག་གི་མི་སེར་གཞན་ཚོར་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་དང་འབྲེལ་ལམ་བྱེད་མཁན་ཚོར་ཉེན་བརྡ་བཏང་བ་ཞིག་རེད་ཅེས་དང་ཁྲིམས་ཐག་དེ་ནི་ཁོང་ལ་དྲང་བདེན་མིན་པའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པ་མ་ཟད་རྒྱ་ནག་གི་རང་དབང་ཅན་གྱི་བསམ་ཚུལ་འཛིན་མཁན་གྱི་གསར་འགོད་པ་དང་རྒྱ་ནག་གི་མི་དཀྱུས་མ་འཛམ་གླིང་དང་མཛའ་མཐུན་གྱིས་འབྲེལ་བ་བྱེད་མཁན་ཚང་མར་གནོད་འཚེ་ཆེན་པོ་ཕོག་པ་ཞིག་རེད་ཅེས་བརྗོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད།
གོང་ཞུས་རྒྱ་ནག་གི་གསར་འགོད་པ་ཁོང་གིས་རྒྱུན་གཏན་དཔྱད་བརྗོད་མང་པོ་སྤེལ་གྱི་ཡོད་པ་དང་ཁོང་གིས་རྒྱ་ནག་ནང་ཁྲིམས་ཀྱི་དབང་བསྒྱུར་དང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན་འདུག།དེ་སྔོན་བལྟ་ཚུལ་དེ་དག་རིག་ལ་བཟོད་སྒོམ་ཡོད་ཀྱང་༢༠༡༢ལོར་སྲིད་འཛིན་ཞི་ཅིན་ཕིང་སླེབས་པའི་རྗེས་དེ་ལྟར་བལྟ་བ་མ་མཐུན་མཁན་རིག་ལ་རྒོལ་རྡུང་དང་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་གསང་མྱུང་བའི་ལས་དོན་བྱས་པའི་ཉེས་འཇུགས་ཡོང་གིན་ཡོད་པ་རེད།
 
གསར་འགོད་པ། བསོད་ནམས་ལྷ་མོ། དབྱངས་སྒྲོན། 
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎