ཤེས་རིག་ལས་ཁུངས་ཀྱིས་བོད་པའི་སློབ་ཕྲུག་སློབ་ཡོན་ཞུ་མཁན་ཚང་མར་སློབ་ཡོན་ཕུལ་ཐབས་གནང་བཞིན་ཡོད་འདུག

2023.11.24
ཤེས་རིག་ལས་ཁུངས་ཀྱིས་བོད་པའི་སློབ་ཕྲུག་སློབ་ཡོན་ཞུ་མཁན་ཚང་མར་སློབ་ཡོན་ཕུལ་ཐབས་གནང་བཞིན་ཡོད་འདུག བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བོད་པའི་སློབ་ཕྲུག་ཚོར་སློབ་ཡོན་ཐོབ་ཐབས་ཐད་གོ་རྟོགས་སྤེལ་བཞིན་པ། ༡༡།༢༢།༢༠༢༣
CTA

ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་དང་། ལས་བྱེད་བསོད་ནམས་ཆོས་སྒྲོན་ལགས་རྣམ་གཉིས་བོད་ཕྲུག་མང་ཤོས་མཐོ་སློབ་འགྲིམས་ཡུལ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བསྐོར་བསྐྱོད་ཀྱིས། གཙོ་བོ་ད་བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་གནང་བཞིན་པ་ཁག་ངོ་སྤྲོད་དང་འབྲེལ། ད་ལྟ་སློབ་ཡོན་གནང་བཞིན་པ་ཁག་ལ་དཔྱད་ཞིབ་དང་མ་འོངས་སློབ་ཡོན་གནང་ཕྱོགས་ཀྱི་ཐད་སློབ་ཕྲུག་རྣམས་དང་དངོས་སུ་གོ་བསྡུར་གྱིས་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཆེད་དམིགས་ཏེ་སློབ་ཡོན་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་འདུག
ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བོད་ཕྲུག་སློབ་ཡོན་ཞུ་མཁན་ཚང་མར་ཆད་ལུས་མེད་པར་སློབ་ཡོན་ཕུལ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་བོད་ཕྲུག་སློབ་ཡོན་ཐོབ་བཞིན་པ་༡༡༠༩ཡོད་པ་རེད། ད་རེས་ཁོང་རྣམ་པའི་སློབ་ཡོན་དང་འབྲེལ་གོ་རྟོགས་ལས་འགུལ་ཐོག་མ་དེ་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་གྱི་མཐོ་སློབ་འདྲ་མིན་གྱི་ནང་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་རྣམས་ལ་སྤེལ་ཡོད་པ་དང་། དམིགས་བསལ་ད་ལོ་ཕྱི་ལོ་༢༠༢༣་ལོར་སློབ་ཡོན་གྱི་སྒྲིག་གཞི་གསར་པ་གཏན་འབེབས་གནང་བ་ཁག་ངོ་སྤྲོད་གནང་ཡོད་པ་རེད་འདུག་ལ། ད་དུང་བོད་ཕྲུག་ཚོར་དངོས་སུ་སྡེ་ཁག་སོ་སོ་བྱས་ནས་ཐུག་འཕྲད་ཀྱིས་བཀའ་མོལ་གནང་བ་དང་། མཐོ་སློབ་ཁག་གི་འཛིན་སྐྱོང་གི་ལས་སྣེ་རྣམ་པ་ཚོ་དང་མཇལ་ཕྲད་གནང་ཡོད་པ་རེད་འདུག

404328784_724341846383157_5053473493896826048_n.jpg
ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཐད་ཀྱི་གོ་རྟོགས་སྤེལ་བའི་ལས་འགུལ་དེ་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་ནང་འགྲུབ་ཟིན་ཏེ་རིམ་པས་མེའི་སོར་དང་དེའི་རྗེས་བྷེང་ལོར་དུ་གནང་མཚམས་སུ་མ་འོངས་པ་རིམ་པས་ས་གནས་གཞན་ཁག་ཏུ་གནང་རྒྱུའི་འཆར་གཞི་ཡོད་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎