བོད་ནང་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་འགྲོལ་བྱེད་ན་བརྩི་མཐོང་ཡོང་སྲིད་པ།

༧གོང་ས་མཆོག་གིས་རྒྱ་ནག་ལ་རྒྱལ་སྤྱིའི་བརྩི་མཐོང་ཡོང་ཐབས་ལ། ཐོག་མ་བོད་ནང་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་འགྲོལ་ དང་རྨས་པ་རྣམས་སྨན་བཅོས་ཀྱི་ཐོབ་ཐང་གནང་དགོས་ཀྱི་ཡོད་པ་གསུངས་འདུག

༄༅༎བོད་ཀྱི་ཆོས་སྲིིད་གཉིས་ཀྱི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གཞུང་གིས་ཨོ་ལམ་པིཀ་གི་རྩེད་འགྲེན་གི་སྒྲིག་རྒྱུད་རྒྱལ་སྤྱིའི་ནང་ཚང་མས་ཆེ་མཐོང་ཡོང་ཐབས་ལ་བརྩོན་གྱི་ཡོད་བཅས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཆེ་མཐོང་དང༌། ཨོ་ལིམ་པིཀ་གི་རྩེད་འགྲེན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོཊ་ཀྱི་ཡིད་ཆེས་ཤིག་ཐོབ་དགོས་ཀྱི་ཡོད་ན། ཐོག་མ་བོད་ནང་བོད་མི་འཛིན་བཟུང་བྱས་པ་རྣམས་གློད་འགྲོལ་དང་། རྨས་པ་རྣམས་ལ་སྨན་བཅོས་ཀྱི་ཐོབ་ཐང་གནང་དགོས་ཀྱི་རེད་ཅེས་

བཀའ་གནང་ཡོད་པ་རེད། བོད་ཀྱི་ཆོས་སྲིད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ཨརིའི་གྲོང་ཁྱེར་ སེཡ་ཊལ་ནང་ཆོས་འབྲེལ་ཀྱི་མཛད་འཆར་ཁག་སྐྱོང་བཞིན་ཡོད་པ་དང༌།་་ ༧གོང་ས་མཆོག་ནས་ཁ་ས་གསར་འགོད་ལྷན་ཚོཊ་ལ་བོད་ཀྱི་

གནད་དོན་སྐོར་གསར་འགོད་པ་ཁག་གིས་བཀའ་དྲིས་ཞུས་པའི་བཀའ་ལན་ནང༌། གསར་འགོད་པ་ཞིག་གིས་སྤྱིི་ནོར་༧གོང་ས་མཆོག་ལ་

རྒྱ་ནག་གཞུང་གིས་ཨོ་ལིམ་པིཀ་ཡི་སྒོ་འབྱེད་མཛད་སྒོར་གདན་ཞུ་འབུལ་བ་ཡིན་ན་ཕེབས་ཀྱི་ཡོད་མེད་ཞུས་པའི་བཀའ་ལན་དུ་སྤྱིི་ནོར་༧གོང་ས་མཆོག་གིས་ཞལ་གད་དང་སྦྲགས་༧གོང་ས་མཆོག་ལ་དེ་ལྟར་མགྲོན་བརྡ་ཞིག་ཡོང་གི་ཡོད་པའི་ཐུཊ་རེ་གནང་གི་མེད་ལ། ཡིན་ནའང་གནད་དོན་གལ་གནད་ཆེ་ཤོས་དེ་ནི་རྒྱ་ནག་གཞུང་གིས་ཨོ་ལིམ་པིཀ་རྩེད་འགྲེན་གོ་སྒྲིག་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེས་མཐོང་ཞིག་ཐོབ་ཐབས་ལ་བརྩོན་གྱི་ཡོད་ཅེས་དང༌། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་ཆེ་མཐོང་ཐོབ་ཐོབས་སུ་བོད་ནང་བོད་མི་བོད་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་དེ་རྒྱལ་སྤྱིའི་གསར་འགོད་པ་ཚོར་སྒོ་མོ་འབྱེད་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད༎

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎