༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ ༥༡ ལ་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་འབོགས་སྐབས་བཀའ་སློབ་སྩལ་བ།

2025.02.04
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ ༥༡ ལ་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་འབོགས་སྐབས་བཀའ་སློབ་སྩལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༢༥།༠༢།༠༤ ཉིན།
OHHDL

བར་ལམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་གཙུག་ལག་ཁང་དུ། གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་ཀྱི་ཡོད་པ་བཞིན། འདི་ཚེས་ ༤ ཉིན་སེར་བྱེས་དགེ་འདུན་པ་ ༣༩ དང་རྫོང་ཆོས་གྲྭ་ཚང་གི་དགེ་འདུན་པ་ ༡༢ བཅས་ཁྱོན་དགེ་འདུན་པ་ཞལ་གྲངས་ ༥༡ ལ་དགེ་སློང་གི་སྡོམ་པ་འབོགས་ཆོག་སྩལ་གནང་མཛད་སྐབས་མགོན་པོ་མཆོག་གིས། ངོས་ནས་དུས་ཚོས་དཀའ་ཁག་ཅན་གྱི་དུས་སྐབས་འདིར་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་སྩལ་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོ་ཞིག་ཏུ་ངོས་འཛིན་དང་། རྒྱ་གར་ལྟ་བུ་ཆོས་ལུགས་སྣ་མང་གནས་ཤིང་ཆོས་དད་རང་དབང་ལྡན་པའི་རྒྱལ་ཁག་ཞིག་ཏུ་བཙན་བྱོལ་དུ་འབྱོར་ཏེ། རང་དབང་ལྡན་པའི་སྒོ་ནས་ཆོས་འཆད་ཉན་དང་མང་ཚོགས་ལ་ལམ་སྟོན་བྱ་རྒྱུ་བྱུང་གི་ཡོད་པ་ནི་བསྐལ་པ་བཟང་པོ་ཞིག་ཡིན་ཞེས་བཀའ་སློབ་ཕེབས་ཡོད་པ་རེད།

IMG_9418.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་སློང་གི་སྡོམ་པ་འབོགས་ཆོག་སྩལ་སྐབས། ༢༠༢༥།༠༢།༠༤ ཉིན།

མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བསྙེན་རྫོགས་ཀྱི་མཁན་པོ་དང་གྲྭ་ཚང་གི་མཁན་པོས་ལས་ཀྱི་སློབ་དཔོན་གནང་སྟེ་གཉན་འཕྲང་ཅན་གྱི་དུས་སྐབས་སུ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་རྒྱུའི་ཐད་ཐེངས་འདིར་དགེ་སློང་སྒྲུབ་རྒྱུ་ནི་ཧ་ཅང་སྐལ་པ་བཟང་པོ་ཞིག་ཡིན་པ་སོགས་ཀྱི་བཀའ་སློབ་ཕེབས་གནང་ཡོད་པ་རེད།

ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུ་མཁན་ཁོངས་སུ། སོག་ཡུལ་ནས་ཡིན་པ་སེར་བྱེས་ཧར་གདོང་ཁམས་ཚན་གྱི་དགེ་འདུན་པ་བསྟན་འཛིན་ཆོས་ནོར་ལགས་དང་། སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ནས་གསུངས་དོན་ལ། དགེ་སློང་གི་སྡོམ་པ་ཞུ་རྒྱུ་དེ་ནི་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་སྒྲུབ་པ་ཆེད་དུ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྩ་བའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་རྣམས་ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་ནི་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་ཅིང་། མགོན་པོ་མཆོག་ནས་མུ་མཐུད་འདི་ཚེས་ ༦ དང་ ༡༡ སོ་སོར་དགེ་སློང་གི་སྡོམ་པ་བཀྲིན་སྩལ་གནང་མཛད་རྒྱུ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎