ལ་དྭགས་ཁུལ་དུ་ནང་པ་དང་ཁ་ཆེའི་གཅེན་གཅུང་ཚོ་འཆམ་མཐུན་ངང་གནས་པ་དེར་༸གོང་ས་མཆོག་གིས་བསྔགས་བརྗོད་གནང་བ།

2022.08.16
Share on WhatsApp
Share on WhatsApp
ལ་དྭགས་ཁུལ་དུ་ནང་པ་དང་ཁ་ཆེའི་གཅེན་གཅུང་ཚོ་འཆམ་མཐུན་ངང་གནས་པ་དེར་༸གོང་ས་མཆོག་གིས་བསྔགས་བརྗོད་གནང་བ། ཕྱི་ཟླ་༨ པའི་ཚེས་༡༦ ཉིན་ལ་དྭགས་ཡོངས་ཀྱི་ཁ་ཆེ་ཆོས་ལུགས་ཀྱི་ཚོགས་པ་འདྲ་མིན་མཉམ་འཛོམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ལ་དྭགས་ཤེལ་ཡུལ་དུ་ཆགས་པའི་ཁ་ཆེའི་ཕྱག་ཚལ་ལྷ་ཁང་༼Masjid E Sharif༽དུ་ཆིབས་སྒྱུར་བསྐྱངས་གནང་མཛད་སོང་།
OHHDL

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དུས་ནམ་ཞིག་ལ་དྭགས་ས་གནས་སུ་ཆིབས་སྒྱུར་བསྐྱང་ཚེ་ཁ་ཆེ་ཆེད་གྲོགས་རྣམས་དང་གུང་ཚིགས་བཞེས་སྲོལ་ཡོད་པ་བཞིན་དེ་རིང་ཕྱི་ཟླ་༨ པའི་ཚེས་༡༦ ཉིན་ལ་དྭགས་ཡོངས་ཀྱི་ཁ་ཆེ་ཆོས་ལུགས་ཀྱི་ཚོགས་པ་འདྲ་མིན་མཉམ་འཛོམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ལ་དྭགས་ཤེལ་ཡུལ་དུ་ཆག་པའི་ཁ་ཆེའི་ཕྱག་ཚལ་ལྷ་ཁང་༼Masjid E Sharif༽དུ་ཆིབས་སྒྱུར་བསྐྱངས་གནང་མཛད་སོང་།

དེ་དུས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་སལ་བཀའ་སློབ་ནང་ལ་དྭགས་ས་གནས་སུ་ནང་པ་དང་ཁ་ཆེ་ཆོས་ལུགས་གཉིས་འཆམ་མཐུན་དང་མཐུན་སྒྲིལ་ངང་གནས་པ་ལ་བསྔགས་བརྗོད་གནང་བ་དང་སྦྲགས་ཆོས་ལུགས་ཚང་མར་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་དོན་དངོས་ཐོག་བྱམས་སྙིང་རྗེ་ནི་ཆོས་ལུགས་ཚང་མའི་སྙིང་པོ་ཡིན་གཅིག་མཚུངས་རེད། དེར་བརྟེན། ངོས་རང་གིས་ས་གནས་འདིར་ཆོས་ལུགས་མི་འདྲ་བ་རྣམས་ཕན་ཚུན་འཆམ་མཐུན་ངང་གནས་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་གནང་སོང་།  

གཞན་༸གོང་ས་མཆོག་གིས་ད་ལྟའི་འཆར་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་ནའང་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གཞུང་དེ་ཉར་ཚགས་གནང་ཐུབ་པ་བྱུང་ཡོད་སྐོར་བཀའ་སློབ་སྩལ་སོང་། བོད་དང་ཧི་མ་ལ་ཡ་རི་རྒྱུད་གཉིས་ཀྱི་དབར་རིག་གཞུང་དང་འབྲེལ་བའི་ཐོག་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད། ཆོས་ལུགས་ནི་མི་སྒེར་ཞིག་གི་གནད་དོན་ཡིན་ནང་བྱམས་སྙིང་རྗེ་ནི་འགྲོ་བ་མིའི་རིགས་ཀུན་ལ་དགོས་མཁོ་ཞིག་རེད་ཅེས་བཀའ་སློབ་ཕེབས་སོང་།

ཡང་བལ་ཏི་ཆོས་ཚོགས་Anjuman Immamia་ཚོགས་པའི་དབུ་སྐྱོང་སྐུ་ཞབས་Ashraf Ali Barcha་ལགས་ཀྱིས། ང་ཚོད་ལོ་སྐལ་བ་བཟང་བའི་དུས་འདིར་༸རྒྱལ་བ་རིན་པོ་ཆེ་ལ་དྭགས་ས་གནས་སུ་ལོ་གསུམ་ལྷག་གི་རྗེས་སུ་ཆིབས་སྒྱུར་བསྐྱངས་པ་དང་ང་ཚོས་ཕྱོགས་ནས་༸སྐུ་མདུན་ལ་གུང་ཚིགས་ཕུལ་རྒྱུའི་གོ་སྐབས་ཡང་བསྐྱར་བྱུང་།

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་གཅིག་པོ་མིན་པར་དངོས་སུ་དེ་སྔོན་ཆོས་ལུགས་སོ་སོའི་ཆོས་གནས་ལ་ཕེབས་ནས་ང་ཚོར་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་གནང་བ་དེ་ང་ཚོ་ལ་དྭགས་པ་ཡོངས་ཀྱི་བསོད་ནམས་རེད་བསམ་ཀྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་དེ་རིང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པ་གང་ཉིད་སྐུ་ན་ཆུང་དུས་ནས་བོད་ནང་ཁ་ཆེའི་ཆེད་གྲོགས་དང་འབྲེལ་བ་བྱུང་ཚུལ་སྐོར་བཀའ་སྩལ་གནང་སོང་།

གསར་འགོད་པ།  འཕྲིན་ལས་ཆོས་སྒྲོན། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎