ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་ཞིག་རྒྱ་ནག་གི་བཙོན་ཁང་ནས་ཕྱིར་སློག་དང་ཉེས་འཛུགས།

2021.08.19
Share on WhatsApp
Share on WhatsApp
ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་ཞིག་རྒྱ་ནག་གི་བཙོན་ཁང་ནས་ཕྱིར་སློག་དང་ཉེས་འཛུགས། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་(Andy Li)
RFA

ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་ཞིག་རྒྱ་ནག་གི་བཙོན་ཁང་ནས་ཧོང་ཀོང་དུ་ཕྱིར་སློག་བྱས་ཡོད་པ་དང་ཁོང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བར་འགལ་བའི་ཉེས་འཛུགས་བྱས་འདུག
དེ་ཡང་དེ་སྔོན་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་བརྒྱད་པའི་ནང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཅན་(Andy Li)་ཞུ་བ་ཁོང་དང་གཞན་མི་གྲངས་༡༢་རྒྱ་ནག་གི་ཉེན་རྟོག་པས་གྲུ་གཟིངས་ཤིག་གི་ནང་བསྐྱོད་བཞིན་པའི་སྐབས་འཛིན་བཟུང་བྱས་ནས། ཁོང་ཚོ་ཐེ་ཝན་ལ་བྲོས་བྱོལ་བྱེད་མཁན་ཡིན་པའི་ནག་ཉེས་དང་། ཧོང་ཀོང་ནང་ལག་བསྟར་བྱས་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལས་ཕྱི་ཕྱོགས་སུ་ངན་འབྲེལ་བྱས་ཉེས་འཛུགས་བྱས་ནས་ད་བར་རྒྱ་ནག་ནང་བཙོན་འཇུག་བྱས་ཡོད་པ་དང་། འདི་ཚེས་༡༩་ཉིན་ཁོང་ཧོང་ཀོང་ལ་ཕྱིར་སློག་བྱས་བ་དང་མཉམ་ཧོང་ཀོང་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་དང་འབྲེལ་ཁོང་ལ་ཁྲིམས་འགལ་གྱི་ཉེས་བཙུགས་བྱས་འདུག
ད་ལྟ་དགུང་གྲངས་༣༡་ཡིན་པའི་ཨན་ཌི་ལི་ཧོང་ཀོང་གི་གསར་ཤོག་གི་བདག་པོ་(Jimmy Lai)་དང་འབྲེལ་བ་ཡོད་ཚུལ་ཁྲིམས་སར་བཤད་ཡོད་པ་དང་། ཇིམ་མི་ལེའེ་ཡང་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཧོང་ཀོང་ནང་ཉེས་བཙུགས་ཀྱིས་བཙོན་འཇུག་འོག་གནས་མུས་ཡིན་པ་རེད།
ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་(Alex Lee)་ཡིས་(Andy Li)་ཡིས་ཉེས་པ་བསགས་ཡོད་པར་བརྟེན་སྤྱི་ལོ་༢༠༢༢་ལོའི་སྤྱི་ཟླ་དང་པོའི་ཚེས་༣་བར་མུ་མཐུད་ཁྲིམས་ཁང་ནང་གྱོད་གཞི་ཞིབ་དཔྱོད་བྱེད་རྒྱུ་ཡིན་པ་བསྒྲགས་ནས་དུས་བཀག་ཁྲིམས་ཐག་བཅད་མེད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།