འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག

2022.04.06
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག ཆབ་སྲིད་བཙོན་ཟུར་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ། ༼ཟླ་ཚེས་མི་གསལ།
མཐུན་འགྱུར་པར་རིས།/RFA

ཉེ་ཆར་ནག་ཆུའི་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་གི་མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་ལྷ་ས་ནས་དགོངས་པ་རྫོགས་རྗེས། ཁོང་གི་སྐུ་གདུང་དགོན་པར་གདན་འདྲེན་ཞུ་རྒྱུར་རྒྱ་ནག་གཞུང་གིས་སྟངས་འཛིན་དང་། ཡུལ་མི་དད་ལྡན་པ་ཚོར་སྐུ་གདུང་ལ་མཇལ་མ་བཅུག་པ་སོགས་རྒྱ་ནག་གཞུང་གིས་དམ་དྲག་བྱས་ཡོད་པའི་བྱ་སྤྱོད་ནི། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཆོས་དད་རང་དབང་ལ་སྒོ་གང་ས་ནས་སྟངས་འཛིན་ནན་མོ་བྱེད་བཞིན་པའི་མཚོན་རྟགས་ཤིག་ཡིན་པ། ཨ་རིའི་ནང་རྟེན་གཞི་བྱས་བའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཕྱི་ཟླ་༤ཚེས་༦ཉིན་བཏོན་པའི་ཡོངས་ཁྱབ་བསྒྲགས་གཏམ་ནང་བཀོད་འདུག
མཆོག་སྤྲུལ་ཟླ་བ་རིན་པོ་ཆེ་འདི་ལོ་ཕྱི་ཟླ་༡ཚེས་༣༠ཉིན་ཁོང་གི་ལྷ་སའི་གཟིམས་ཤག་ཏུ་སྐུ་གཤེགས་ཤིང་། སྐབས་དེར་དགུང་གྲངས་༨༦ལ་ཕེབས་ཡོད་པ་རེད། ཁོང་གིས་རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་འབྲེལ་བ་ཞུས་པར་བསྙད་དེ་རྒྱ་ནག་གཞུང་གིས་ཁོང་ལ་ཕྱི་ལོ་༢༠༡༠ལོར་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཕི་རི་ཆརཌི་སན་ལགས་ཀྱིས་ཕྱི་ཟླ་༤ཚེས་༦ཉིན་སྤེལ་བའི་བསྒྲགས་གཏམ་དེའི་ནང་། སྐུའི་གདུང་མཆོད་དང་རོང་པོ་ཆོས་རྗེའི་ཡང་སྲིད་ཐད་ལ་རྒྱ་ནག་གཞུང་གིས་དམ་དྲག་དྭོགས་ཟོན་བྱས་པ་ནི། རྒྱ་ནག་གི་དཔོན་རིགས་ཚོས་བཙན་ཤེད་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ཐོག་ལ་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་ཤུགས་རྐྱེན་འགོག་ཐབས་དང་། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ཆོས་ལུགས་ཐོག་ལ་དབང་ཤུགས་འཛིན་པའི་བྱ་སྤྱོད་ཞིག་ཡིན་ལ། འདི་ནི་མུ་མཐུད་བོད་ཀྱི་གནའ་སྲོལ་རིག་གཞུང་ཐོག་དམ་དྲག་གིས། དེའི་རྗེས་འཇུག་པ་ཚོར་སྡུག་སྦྱོང་དང་དྲག་རྩུབ་བྱེད་བཞིན་པའི་མཚོན་རྟགས་གསལ་པོ་ཞིག་རེད་ཅེས་གསུངས་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གི་ ༢༠༢༥ ལོའི་རྒྱལ་ཡོངས་གཞུང་ཞབས་པའི་ཡིག་རྒྱུགས་སྙན་ཞུ་འབུལ་མཁན་ནང་བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་འགྲན་རྩོད་ཆེ་ཤོས་ཆགས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎