ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། རྡ་རམ་ས་ལའི་ལས་ཁུངས་འགན་འཛིན་གྱི་ས་མིག

2021-09-23
Share
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། རྡ་རམ་ས་ལའི་ལས་ཁུངས་འགན་འཛིན་གྱི་ས་མིག
Photo: RFA

Job Opportunity | Bureau Chief |  Dharamsala, India

RADIO FREE ASIA

འགན་འཛིན་གྱི་ཞབས་ཞུ་གནང་ཡུལ་བཞུགས་སྒར་རྡ་རམ་ས་ལའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཁུངས་ནང་ཡིན།

ཚང་དགོས་པའི་འོས་མིའི་ཁྱད་ཆོས།

  • སྐྱ་སེར་ཕོ་མོ་སུ་རུང་གསར་འགྱུར་ལས་རིགས་ལ་དོ་སྣང་དང་གསར་གཏོད་རང་བཞིན་གྱི་བསམ་བློ་ཡོད་པ།
  • བོད་ཡིག་གི་གནས་ཚད་ཕྱུག་པའི་སྟེང་དབྱིན་ཇི་དང་ཧིན་དྷིའི་སྐད་ཡིག་རང་སྐྱ་འཕེར་བ་ཡོད་པ། རྒྱ་སྐད་ཤེས་ཡོན་ཡོད་ན་ཕུན་གསུམ་ཚོགས་པའི་ཆ་རྐྱེན་ཡིན།
  • ཁྲིམས་འགལ་གྱི་ནག་ཉེས་མེད་ཅིང་། བོད་མིའི་སྤྱི་ཚོགས་ནང་ཆེ་མཐོང་ལྡན་པ།
  • འཛིན་སྐྱོང་གི་ཉམས་མྱོང་ལྡན་ཞིང་། གཞུང་དང་སྒྲིག་འཛུགས། གང་ཟག་སྒེར་དང་ཚོགས་པ་སོགས་ལ་འབྲེལ་བ་བྱེད་ཐུབ་པ།
  • བོད་དང་བོད་མིའི་གནད་དོན་ཐད་འདུ་ཤེས་ཟབ་ལ། བོད་ནང་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་སོགས་གང་ཅིའི་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་ཁར་བོད་ཀྱི་ཆོས་དང་རིག་གཞུང་བྱང་ཆ་ཆེན་པོ་ཡོད་པ།
  • ཚོགས་པ་དང་སྒྲིག་འཛུགས། ཆབ་སྲིད་སྡེ་ཁག་སུ་རུང་གི་ཕྱོགས་སུ་མ་གཏོགས་པར་རང་ཚུགས་བརྟན་པོའི་ཐོག་གནས་ཐུབ་པ།
  • ཝ་ཤིང་ཊོན་དུ་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་ཁུངས་ཨ་མ་དང་འབྲེལ་བ་དམ་ཟབ་བཟུང་ཐུབ་པ།
  • གསར་འགྱུར་ལས་རིགས་ལ་སྔ་དགོང་གི་དུས་ཚོད་དབྱེ་བ་ཕྱེ་ཐུབ་ཐབས་མེད་པ་བཞིན། ལས་དོན་ཆེད་དུས་ཚོད་གཏོང་ཐུབ་པ།
  • རྡ་རམ་ས་ལ་དང་ཝ་ཤིང་ཊོན་ལས་ཁུངས་གཉིས་ཀའི་རྩོམ་སྒྲིག་འགན་འཛིན་ཁག་དང་འབྲེལ་བ་དམ་ཟབ་བཟུང་ཐུབ་པ།
  • རྒྱ་གར་དང་བལ་ཡུལ་བཅས་སུ་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོར་ལམ་སྟོན་དང་ཡར་རྒྱས་ཀྱི་ཕྱོགས་སུ་སྣེ་ཁྲིད་ཐུབ་པ།
  • གསར་འགྱུར་ལས་རིགས་ Journalism དང་འབྲེལ་མཐུད་ཤེས་ཡོན་ཐད་ Mass Communication རིག་གནས་རབ་འབྱམས་ (Bachelor) འམ་ གཙུག་ལག་རབ་འབྱམས་ (Master) གྱི་ལག་འཁྱེར་ཡོད་པའམ། དེ་དག་དང་མཉམ་པའི་ཉམས་མྱོང་ཡོད་ན་རབ་ཀྱི་ཆ་རྐྱེན།
  • གསར་འགྱུར་སྩོམ་བྲིས་དང་སྩོམ་བྲིས་ཞུ་དག་བྱ་རྒྱུར་ཚད་མཐོའི་ཤེས་རྩལ་ལྡན་ལ། རྩ་དོན་རང་བཞིན་ཅན་གྱི་གསར་འགྱུར་ཕྱོགས་ལྷུངས་མེད་པར་དུས་ཐོག་འགོད་སྤེལ་ཐུབ་པ། (བརྙན་པར་སྒྲིག་སྦྱོར་གྱི་རིག་གནས་དང་དེའི་བཟོད་བཀོད་འཕྲུལ་རིག་ཐད་ཉམས་མྱོང་ཡོད་ན་དམིགས་བསལ་ཆ་རྐྱེན་ཡིན།)
  • དེང་དུས་ཀྱི་འཕེལ་རྒྱས་དང་དུས་འགྱུར་ཐད་དུས་རབས་ཉི་ཤུ་རྩ་གཅིག་པའི་གསར་འགྱུར་བརྒྱུད་ལམ་འགྲོ་ཕྱོགས་དང་མཐུན་པའི་ཕྱོགས་ཚང་མར་ཁ་ཕྱོགས་བསྒྱུར་ཐུབ་པའི་སྙིང་སྟོབས་ཅན་དང་། ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་དང་སྣེ་ཁྲིད་ཀྱི་སྙིང་སྟོབས་ལྡན་པ།

 

སྙན་ཞུ་འབུལ་སྟངས།

ཁྱེད་ཀྱི་ལོ་རྒྱུས་མཉམ་དུ་བོད་དབྱིན་ཤན་སྦྱར་གྱི་ཞུ་སྙན་མདུན་ཤོག་ཏུ་བཀོད་དེ། ༢༠༢༡ ཕྱི་ཟླ་ ༡༠ ཚེས་ ༨ རྒྱང་མེད་གཤམ་འོག་གློག་འཕྲིན་ཐོག་འབུལ་ཟིན་པ་དགོས།

chhonzomd@rfa.org

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།