སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ལྕམ་ནེན་སི་པེ་ལོ་སིའི་འཚམས་གཟིགས་ལ་དགའ་བསུ་གནང་འདུག

2022.08.03
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ལྕམ་ནེན་སི་པེ་ལོ་སིའི་འཚམས་གཟིགས་ལ་དགའ་བསུ་གནང་འདུག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་ཐེ་ཝན་གྲོས་ཚོགས་ནང་འཚམས་གཟིགས་རྗེས་གསར་འགོད་པར་མཇལ་འཕྲད་སྐབས། ༠༨།༠༣།༢༠༢༢
REUTERS

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་ཐེངས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་མཆོག་གིས་ཐེ་ཝན་ནང་འཚམས་གཟིགས་གནང་བ་དེ་ནི་འོས་ཤིང་འཚམས་པ་དང་དྲང་བདེན་ཡིན་སྐོར་རྒྱ་གར་གྱི་(ANI)་བརྙན་འཕྲིན་ཁང་གི་བཅར་འདྲིར་གསུང་འདུག ད་དུང་ཁོང་གིས་རྒྱ་ནག་གི་ངོས་ནས་འཚམས་གཟིགས་དེ་བཞིན་གནད་དོན་ཆེན་པོ་ཞིག་ལ་བསྒྱུར་ཐབས་བྱས་པ་དེས་མ་འོངས་པར་རྒྱ་ནག་དང་ཨ་མི་རི་ཀ དེ་བཞིན་རྒྱ་ནག་དང་ཐེ་ཝན་གཉིས་བར་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་སྲིད་སྐོར་ཡང་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས་ཐེ་ཝན་ནི་ཞི བདེའི་ངང་གནས་བཞིན་པའི་མང་གཙོའི་ལམ་ལུགས་ལྡན་པ་ཞིག་དང་། དེའི་དབུ་ཁྲིད་རྣམས་ཀྱང་མི་མང་གིས་འོས་འདེམས་ཞུ་བཞིན་ཡོད་རུང་། རྒྱ་ནག་གཞུང་གིས་གླིང་ཕྲན་དེ་རང་ཉིད་ལ་བདག་དབང་ཡོད་ཚུལ་གྱི་གནོན་ཤུགས་སྤྲོད་དགོས་དོན་གང་ཡིན་ངས་ཤེས་ཀྱི་མི་འདུག་ཅེས་དང་། ཐེ་ཝན་དེ་བཞིན་རྒྱ་ནག་དང་རྒྱ་ནག་གི་རྒྱལ་རྒྱུད་སུས་ཀྱང་དབང་བསྒྱུར་བྱས་མྱོང་མེད། དེ་ན་ཐེ་ཝན་མི་མང་རྣམས་ཞི་བདེའི་ངང་འཚོ་སྡོད་མི་འཇུག་པའི་རྒྱུ་མཚན་ཇི་ཡིན་དེ་དྲི་བ་ཆེ་ཤོས་ཤིག་ཡིན་སྐོར་གསུངས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་དངོས་སུ་ཐེ་ཝན་དུ་འཚམས་གཟིགས་གནང་བའི་ཐད་བསྔགས་བརྗོད་དང་འབྲེལ། འཚམས་གཟིགས་དེས་དམངས་གཙོའི་རང་དབང་གི་ཁྱད་ཆོས་གསལ་སྟོན་གནང་པ་གསུངས་ཤིང་། རྒྱ་ནག་གཞུང་གིས་དེ་ལྟ་བུའི་དམངས་གཙོའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ནས་བསླབ་བྱ་ལེན་འོས་པ་རྒྱ་གར་གྱི་(Republic)་གསར་ཁང་ལ་གསུངས་པ་ལུང་འདྲེན་བྱས་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎