བཙན་ཤེད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ཚོའི་འདྲ་པར་བཤམ་བཅུག་འདུག


2020-04-24
Share
མཛོད་དགེ་རྫོང་ནང་སྲིད་འཛིན་ཞི་ཅིན་པིང་གི་འདྲ་པར་བགོས་འགྲེམས་སྐབས། མཛོད་དགེ་རྫོང་ནང་སྲིད་འཛིན་ཞི་ཅིན་པིང་གི་འདྲ་པར་བགོས་འགྲེམས་སྐབས།
tibetwatch.org

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་ཤེད་ཀྱི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གཙོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་ཚོའི་འདྲ་པར་བགོས་འགྲེམས་ཀྱིས་བཤམ་བཅུག་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་བཙན་དབང་གི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་དང་། གཞན་དེ་སྔོན་གྱི་རྒྱ་ནག་གི་དཔོན་རིགས་ཚོའི་འདྲ་པར་སྒྲིག་གཤོམ་བྱེད་དུ་འཇུག་གི་ཡོད་པ་བོད་དོན་ཐོག་ཉམས་ཞིབ་གནང་མཁན་བརྒྱུད་ནས་ཤེས་རྟོགས་བྱུང་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་(Tibet Watch)་འམ་བོད་དོན་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔ་ཡིན་ན་རྒྱ་གཞུང་གི་སྐྱོབ་གསོ་རོགས་སྐྱོར་ལ་བརྟེན་ནས་གནས་མཁན་བོད་མི་ཉམས་ཐག་ཚོར་རྒྱ་ནག་གི་དཔོན་རིགས་ཚོའི་འདྲ་པར་ངེས་པར་དུ་སྒྲིག་གཤོམ་བྱེད་དུ་བཅུག་པའི་སྲིད་ཇུས་ལག་བསྟར་བྱེད་བཞན་ཡོད་པ་དང་། འདི་ལོའི་འགོ་སྟོད་ནས་བཟུང་སྲིད་ཇུས་དེ་བཞིན་བོད་ནང་གི་བོད་མིའི་སྤྱི་ཚོགས་ནང་རྒྱ་ཁྱབ་ཆེ་རུ་བཏང་ཡོད་འདུག མཛོད་དགེ་རྫོང་ནང་སྲིད་འཛིན་ཞི་ཅིན་པིང་གི་འདྲ་པར་ཆིག་ཁྲི་བཞི་སྟོང་ཙམ་བོད་མི་ཚོར་བགོས་འགྲེམས་བྱས་ནས་ནང་དུ་སྒྲིག་གཤོམ་བྱེད་དུ་བཅུག་ཡོད་པ་བོད་དོན་ལྟ་ཞིབ་ཚོགས་པས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་འདྲ་པར་དང་བཅས་གནས་ཚུལ་སྤེལ་འདུག
དེ་སྔ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༩་ལོར་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་ཨེར་སྟི་ཡུལ་ཚོའི་སྡེ་བ་ཞིག་ཏུ། ཁྱིམ་ཚང་སུམ་ཅུ་ལྷག་ལ་གོང་རིམ་ནས་དབུལ་སྐྱོར་ལ་རྒྱ་སྒོར་དྲུག་སྟོང་རེ་སྤྲོད་རྒྱུ་བྱས་སྐབས། གལ་ཏེ་རོགས་དངུལ་ཏེ་དགོས་ཚེ་ཆ་རྐྱེན་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱི་འདྲ་པར་ངེས་པར་དུ་ཁང་པའི་ནང་གི་མཐོ་ས་ཞིག་ཏུ་བཤམ་དགོས་པ་དང་། ཞི་ཅིན་ཕེན་གྱི་འདྲ་པར་སྒྲིག་བཤམས་མ་བྱས་ཚེ་རོགས་དངུལ་དེ་དག་སྤྲོད་རྒྱུ་མིན་པས་བཀའ་རྒྱ་བཏང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།