པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག

2022.11.27
Share on WhatsApp
Share on WhatsApp
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་ཡོད་པ། ༡༡།༢༧།༢༠༢༢
REUTERS / AFP

དེ་ཡང་རྒྱ་ནག་ནང་གི་མི་འབོར་མང་ཤོས་དང་ཚོང་ལས་དཔལ་འབྱོར་གྲོང་ཁྱེར་ཧྲང་ཧེ་ནང་འདི་ཚེས་༢༦གཟའ་སྤེན་པའི་དགོང་མོ་མང་ཚོགས་ཁག་གཅིག་འདུ་འཛོམས་ཀྱིས་ཤིན་ཅང་གི་རྒྱལ་ས་(Urumqi)་ནང་བྱུང་བའི་མེ་སྐྱོན་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་ཚོར་མྱ་ངན་གྱི་མར་མེའི་འདུ་འཛོམས་ལས་འགུལ་སྤེལ་ཡོད་པ་དང་། གཟའ་ཉི་མ་ཕྱི་ཚེས་༢༧ཉིན་འདུ་འཛོམས་དེ་བཞིན་ངོ་རྒོལ་གྱི་ལས་འགུལ་དུ་གྱུར་ཡོད་པ་རེད། སྐབས་དེར་མི་ཧ་ཅང་མང་པོ་འདུ་འཛོམས་བྱས་ཡོད་པ་དང་། མི་ཁག་ཅིག་གིས་ལག་ཏུ་ནད་ཡམས་བརྟག་དཔྱད་ལམ་ལུགས་ལ་ངོ་རྒོལ་ཡོད་ཟེར་བའི་འཕྲེད་དར་ཕྱར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་དང་སྤྱི་ཚོགས་དྲྭ་རྒྱའི་ནང་ཁྱབ་བཞིན་པའི་བརྙན་ཐུང་ནང་། ངོ་རྒོལ་བ་མི་མང་པོ་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པ་གཏོར་ཕམ་གཏོང་དགོས། ཞི་ཅིན་ཕིན་གཏོར་ཕམ་གཏོང་དགོས་བའི་ངོ་རྒོལ་འབོད་སྒྲ་སྒྲོག་བཞིན་པ་དང་། དེ་ནི་རྒྱ་ནག་གི་སྲིད་ཇུས་དྲག་པོའི་འོག་རྒྱ་ནག་གི་འགོ་ཁྲིད་ལ་ཐད་ཀར་ཡོངས་གྲགས་ཀྱི་ཐོག་ནས་ངོ་རྒོལ་བྱས་པའི་གནས་ཚུལ་མཐོང་དཀོན་པ་ཞིག་ཡིན་པ་རེད། གཞན་འདི་ཚེས་༢༧ཉིན་རྒྱ་ནག་པེ་ཅིང་གི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ངོ་རྒོལ་ལས་འགུལ་སྤེལ་སྐབས་སློབ་ཕྲུག་མང་པོ་མཉམ་ཞུགས་བྱས་འདུག
སྤྱི་ཚོགས་ངྲྭ་རྒྱའི་ཁྲོད་ཁྱབ་བཞིན་པའི་བརྙན་ཐུང་ཞིག་གི་ནང་། ཉེན་རྟོག་པས་བསྐོར་ནས་ཡོད་པའི་མི་རྣམས་ཀྱིས་(Urumqi)་ཨུ་རམ་ཆིའི་བཀག་སྡོམ་ཕྱིར་འཐེན་བྱ་དགོས། རྒྱ་ནག་ཁྱོན་ཡོངས་སུ་བཀག་སྡོམ་མེད་པ་བཟོ་དགོས་ཟེར་བའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་རྔམ་སྟོན་བྱེད་བཞིན་པ་མཐོང་རྒྱུ་འདུག
ད་སྐབས་འཛམ་གླིང་གི་ཡུལ་གྲུ་མང་ཆེ་བའི་ནང་ཏོག་དབྱིབས་རིམས་ནད་དང་མཉམ་གནས་ཀྱི་སྲིད་བྱུས་འོག་མི་རྣམས་རྒྱུན་ལྡན་བཞིན་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ཡིན་ནའི་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་རྩ་མེད་བཟོ་བ་ཟེར་བའི་སྲིད་བྱུས་མུ་མཐུད་དུ་བཟུང་ནས་རྒྱ་ནག་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱི་ལས་དོན་དམ་དྲག་བཀག་སྡོམ་ཧ་ཅང་ནན་པོའི་འོག་སྤེལ་བཞིན་ཡོད་ཀྱང་། ཏོག་དབྱིབས་རིམས་ནད་འགོས་བའི་མིའི་གྲངས་འབོར་རྒྱ་ནག་ནང་ཉིན་བཞི་བསྟུན་མར་ད་བར་བྱུང་མྱོང་མེད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚེས་༢༧བར་ཉིན་གྲངས་བཞི་བསྟུན་མར་ཉིན་རེར་ཏོག་དབྱིབས་ནད་ཡམས་འགོས་བའི་མི་གྲངས་ཁྲི་གསུམ་དང་དགུ་སྟོང་ལྷག་ཙམ་རེ་བྱུང་འདུག འཛམ་གླིང་གི་རྒྱལ་ཁབ་གཞན་དང་མ་འདྲ་བའི་དམ་དྲག་བཀག་སྡོམ་གྱི་སྲིད་ཇུས་དེས་མི་དམངས་ཀྱི་ཉིན་རེའི་འཚོ་གནས་ཐད་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པར་བརྟེན་འུ་ཐུག་ནས་གཞུང་ཕྱོགས་ཀྱི་སྲིད་བྱུས་ལ་མི་དགའ་བའི་རྣམ་འགྱུར་བཏོན་མཁན་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
གཟའ་ཕུར་བུའི་ཉིན་བཀག་སྡོམ་ཁྲོད་ཡོད་པའི་ཤིན་ཅང་གི་ཨུ་རུམ་ཆི་གྲོང་ཁྱེར་ནང་གི་ཐོག་བརྩེགས་ཅན་གྱི་ཁང་པ་ཞིག་ལ་མེ་སྐྱོན་བྱུང་ནས་མི་གྲངས་བཅུ་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས། མི་མང་པོས་ཁོང་ཁྲོ་ཆེན་པོས་མེ་སྐྱོན་བྱུང་བའི་སྐབས་འཕྲལ་མར་མེ་གསོད་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། ཐོག་རྩེགས་ཅན་གྱི་ཁང་པ་དེའི་ཁུལ་ཁག་གཅིག་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱིས་བཀག་སྡོམ་ཁྲོད་ཡོད་པར་བརྟེན་ནས་ཡིན་པ་བརྗོད་ཀྱི་ཡོད་པ་རེད། ཡིན་ན་ཡང་ས་གནས་གཞུང་གིས་དེར་ཁས་ལེན་བྱེད་ཀྱི་མེད་པ་རེད་།
དེ་བས་འདས་བའི་ཉིན་ཤས་ནས་བཟུང་རྒྱ་ནག་གི་ས་གནས་མང་པོའི་ནང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ཆེ་ཆུང་འདྲ་མིན་ཡོང་བཞིན་པ་དང་། བོད་མི་ཡོད་སའི་གྲོང་ཁྱེར་ཟི་ལིང་དང་། ཁྲིན་ཏུའུ། ལན་ཀྲོའུ་སོགས་སུ་ཡང་མང་ཚོགས་འཛོམས་ནས་ངོ་རྒོལ་བྱས་བའི་གནས་ཚུལ་ཐོན་བཞིན་པར་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་ཡིན།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎