སྲིད་སྐྱོང་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་དྲན་པའི་སྒོ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་དགོས་པའི་སྐོར་གསུངས་འདུག

2023.12.04
སྲིད་སྐྱོང་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་དྲན་པའི་སྒོ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་དགོས་པའི་སྐོར་གསུངས་འདུག སྲིད་སྐྱོང་མཆོག་གིས་ཕ་རན་སིར་བོད་མི་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་དྲན་པའི་སྒོ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་དགོས་པའི་སྐོར་གསུངས་འདུག
དབུས་བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཚེས་༢ ཀྱི་ཕྱི་དྲོ་ཕ་རན་སིའི་ས་གནས་བོད་མི་ཚོར་མཇལ་འཕྲད་གནང་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་དྲན་པའི་སྒོ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་དགོས་སྐོར་སོགས་བཀའ་སློབ་གནང་འདུག
དེ་ཡང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྲིད་སྐྱོང་མཆོག་གིས་ཕ་རན་སི་ནང་ཕྱི་ཚེས་ ༢ སྔ་དྲོ་གསར་འགྱུར་བརྒྱུད་ལམ་དུ་བཅར་འདྲིར་དང་ལེན་གནང་ཡོད་པ་དང་། དེ་ནས་རིམ་པས་ས་གནས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོ་དང་དམིགས་བསལ་མཇལ་འཕྲད་གནང་སྟེ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་གལ་ཆེའི་རང་བཞིན་སྐོར་དང་། དང་བླང་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་ཕྱོགས་དང་འབྲེལ་བའི་སྐོར་བཀའ་གནང་འདུག

Sikyong Penpa Tsering addressing the Tibetan community in Paris.2.jpg

དེ་ནས་ཉིན་རྒྱབ་ས་གནས་བོད་མི་བརྒྱ་ཕྲག་མར་པོ་མཇལ་འཕྲད་ཀྱིས་གསུང་བཤད་གནང་བའི་ནང་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་དྲན་པའི་སྒོ་ནས་༧གོང་ས་མཆོག་གི་བཀའ་དངོས་བཞིན་བསྒྲུབ་གནང་དགོས་གལ་ཆེ་བའི་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་སྐོར། ལྷག་དོན་དུ་ཉེ་ཆར་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་བོད་དོན་དཀའ་རྙོག་སེལ་ཆེད་ཀྱི་ཁྲིམས་འཆར་ཐོག་ཉན་ཞིབ་གནང་བའི་རྗེས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་སྤྱི་མོས་ཐོག་ནས་ཁྲིམས་འཆར་གཏན་འབེབས་གནང་ཡོད་པའི་སྐོར་སོགས་གསལ་སྟོན་གསུང་རྗེས་མང་ཚོགས་ནས་འདྲི་བ་ཁག་ཅིག་གནང་བར་ལན་འདེབས་གསལ་བཤད་གནང་འདུག
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎