སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག

2022.09.26
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་དུ་གཞུང་དོན་གཟིགས་སྐོར་སྐབས། ༠༩།༢༢།༢༠༢༢
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བདུན་ཕྲག་གཅིག་གི་རིང་ཉི་ཧོང་དུ་གཞུང་དོན་གཟིགས་སྐོར་སྐབས། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཚོར་མཇལ་མོལ་དང་། བོད་དོན་ཆབ་སྲིད་དང་འབྲེལ་བའི་བགྲོ་གླེང་ཐོག་མཉམ་ཞུགས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་ཐུག་འཕྲད་ལམ་སྟོན་སོགས་གནང་ཡོད་ཅིང་། ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Super Samgha)་ཡི་ཚོགས་གཞོན་(Kobayashi)་ལགས་ཀྱིས། སྲིད་སྐྱོང་མཆོག་གིས་སྤྱི་ཚེས་༢༣ཉིན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས། རྒྱ་ནག་གི་བཙན་གནོན་འོག་གི་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་ཚོགས་འདུའི་སྟེང་། “ཉི་ཧོང་དུ་རྒྱ་ནག་གཞུང་གིས་ཉེན་ཚབས་ཆེ་བའི་ལས་དོན་སྤེལ་བཞིན་པར། ཉི་ཧོང་གཞུང་གིས་རྒྱ་ནག་ལ་ཡིད་གཟབ་གནང་དགོས་ཚུལ་གསུང་བ་དེ། ཉི་ཧོང་གཞུང་གིས་ཡིད་འཇོག་བྱ་དགོས་པའི་ལམ་སྟོན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག ཁོང་གིས་གསུང་ན། ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཚོས་སྲིད་སྐྱོང་གི་འཚམས་གཟིགས་སྐབས་རོགས་སྐྱོར་ཡག་པོ་གནང་ཡོད་པ་དང་། མཇལ་མོལ་ཧ་ཅང་ཞིབ་ལྷོད་གནང་ཐུབ་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་ཉི་ཧོང་ལ་ལམ་སྟོན་གནང་བ་ཞིག་ནི། ཉི་ཧོང་ནང་རྒྱ་ནག་གི་ལས་དོན་ཐད་ཉི་ཧོང་གཞུང་གིས་ཧ་ཅང་ཡིད་གཟབ་གནང་དགོས་པ་གསུངས་ཡོད་པས། ཉི་ཧོང་ནང་རྒྱ་ནག་གཞུང་གིས་ཉེན་ཚབས་ཅན་གྱི་ལས་དོན་སྤེལ་བཞིན་པར། ཉི་ཧོང་གི་མི་མང་པོས་བསྐྱར་དུ་བསམ་ཞིབ་གནང་དགོས་པ་ཆགས་ཏེ། ལམ་སྟོན་ཧ་ཅང་ཡག་པོ་ཕེབས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྤྱི་ཟླ་༩པའི་ཚེས་༢༤ཉིན་བོད་མི་ཚོ་དོན་གཅོད་དུ་བཀའ་ཤག་གི་སྲིད་བྱུས་དང་བོད་ཀྱི་གནས་སྟངས། བོད་མི་རེ་རེའི་ལས་འགན་གང་ཡིན་སོགས་ལམ་སྟོན་གནང་ཡོད་པ་དང་། ཉིན་རྒྱབ་སྤྱི་ལོ་༡༩༦༠རེ་གྲངས་ནང་དགེ་རྒན་མཱ་རུ་ཀེ་སི་མེ་ལགས་ནས། བོད་ཕྲུག་ལྔ་ཉི་ཧོང་དུ་བླངས་པ་དང་། དེ་རྗེས་རིམ་པས་བོད་རིགས་བུད་མེད་སྨན་ཞབས་པ་༢༠ཉི་ཧོང་དུ་བླངས་ཏེ་སྨན་ཞབས་སྦྱོང་བརྡར་ཕུལ་བའི་རོགས་སྐྱོར་གནང་མཁན་ཁོང་གི་སར་བཅར་ནས། འཚམས་འདྲི་དང་བོད་དོན་འགྲེལ་བཤད་བཅས་གནང་ཡོད་ཅིང་། སྐབས་དེར་བོད་མི་སྨན་པ་ཚེ་དབང་ལགས་དང་རྟ་མགྲིན་ལགས། སྨན་ཞབས་པ་ཆོས་སྒྲོན་ལགས་དང་དབང་མོ་ལགས། བདེ་སྐྱིད་ལགས། བསྐལ་བཟང་ལགས་སོགས་མཇལ་འཕྲད་མཉམ་དུ་ཞུས་ཏེ་གསོལ་སྟོན་གནང་ཡོད་འདུག
སྤྱི་ཟླ་༩པའི་ཚེས་༢༥ཉིན། ཉི་ཧོང་བོད་ཀྱི་དོན་གཅོད་ལས་ཁུངས་དུ་ཉི་ཧོང་རྒྱལ་སའི་ནང་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཁག་༡༣ཡོད་པའི་སྐུ་ཚབ་ཚོར། སྲིད་སྐྱོང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བོད་ཀྱི་གནས་སྟངས་སོགས་ལམ་སྟོན་གནང་འདུག
གཞན་ཡང་དོན་གཅོད་དུ་ནམ་རྒྱུན་དང་བླང་རོགས་སྐྱོར་པ་མང་པོ་ཞིག་ཡོད་བསྡད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་སློབ་ཡོན་དང་ཕྲུ་གུ་ཚོར་སྦྱིན་བདག་གནང་མཁན་སོགས་གལ་ཆེན་ཁག་ཅིག་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།
ཉི་ཧོང་གི་རྒྱལ་ཁབ་སྤྱི་དང་། ཁྱད་པར་བྱང་ཕྱོགས་ཀྱི་ཧོ་ཀའེ་ཏོ་ས་གནས་སུ། རྒྱ་རིགས་ཚོང་པ་དང་བཟོ་ཚོང་ཁང་ཁག་གིས། ཉི་ཧོང་གི་ས་ཆ་མང་པོ་ཉོ་བཞིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྲི་བ་ཞུས་པར། སྲིད་སྐྱོང་མཆོག་གིས་རྒྱ་ནག་ལ་ཡིད་གཟབ་བྱ་དགོས་པའི་ལམ་སྟོན་གནང་ཡོད་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་གྲོང་ཁྱེར་མང་པོའི་སློབ་ཆེན་བརྒྱ་ལྷག་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎