སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ས་ནས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་ཐབས་ཇུས་སྐོར་གཏམ་བཤད་གནང་།

2022.04.27
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ས་ནས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་ཐབས་ཇུས་སྐོར་གཏམ་བཤད་གནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནང་ཁང་དུ་བོད་ཀྱི་མང་གཙོའི་འཕེལ་རིམ་དང་ཐབས་ཇུས་སྐོར་གཏམ་བཤད་གནང་སྐབས། ༠༤།༢༦།༢༠༢༢
Tamdin Wangchuk/RFA

དེ་ཡང་ཉིན་འདི་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༢༦ཉིན་སྲིད་སྐྱོང་མཆོག་རྒྱལ་སར་ཡོད་པའི་(National Endowment for Democracy)་ཞེས་པའི་རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་སྣེ་ལེན་མཛད་སྒོ་བསྡུས་བ་དང་མཉམ། སྲིད་སྐྱོང་མཆོག་གིས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་ཐབས་བྱུས་ཞེས་པའི་བརྗོད་ཐོག་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་བདེ་བར་འཁོད་ནས་ལོ་གཅིག་ཙམ་ལས་མ་སོང་བར། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ལས་དོན་ཚང་མ་མང་གཙོའི་ལམ་སྲོལ་ཐོག་ཕེབས་རྒྱུའི་སྲོལ་བཟང་གཏོད་གནང་བ་ངོ་སྤྲོད་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་འོག་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཚགས་ཚུད་ཡོད་པ་དང་། ཉེ་བའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕྲན་བུའི་བསམ་ཚུལ་མི་མཐུན་པའི་དཀའ་ངལ་དང་། བར་ཆད་ཁ་ཤས་བྱུང་ཡོད་ན་ཡང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ཡང་དག་པ་དང་། མི་མང་ཚོས་བོད་ཀྱི་འཐབ་རྩོད་ཐད་ནུས་བ་མཉམ་སྤུངས་གནང་བཞིན་རེ་བ་ནམ་ཡང་མ་དོར་བར། བོད་ཀྱི་འཐབ་རྩོད་ཐོག་ལ་ མུ་མཐུད་ནས་འབད་བརྩོན་གནང་བཞིན་པ་དང་། ད་ལྟའི་ར་ཤེ་ཡ་དང་ཡུཀ་རེན་ནང་གི་གནས་སྟངས་ལས། མི་རིང་བར་རྒྱ་ནག་གི་སྲིད་བྱུས་ངོ་གདོང་དེ་ཡང་གསལ་བོ་ཆགས་ངེས་རེད་ཅེས་སོགས་གསུངས་ཡོད་པ་རེད།

Sikyong penpa tsering (1).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་མ་འོངས་བར་རྡ་རམ་སཱ་ལར་ཕེབས་ནས། ང་ཚོ་ཕྱོགས་གཉིས་ཀས་སྔོན་མ་ནས་འབྲེལ་ལམ་ཡོད་བསྡད་པ་དེ་ཤུགས་ཆེ་རུ་དང་ནུས་བ་ལྡན་པ་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་བྱུང་།
རྒྱལ་ཡོངས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་(Damon Wilson)་ལགས་ཀྱིས། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ཡང་དག་པ་དང་། སྤྱི་ཚོགས་གཞན་ལ་མིག་དཔེ་སྟོན་ཐུབ་པ་ཚགས་ཚུད་ཡོད་པར་ངོས་འཛིན་གནང་བཞིན་པ་གསུངས་བྱུང་།
སྐབས་དེར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་དང་། འཐབ་རྩོད་པ་སོགས་གནད་ཡོད་མི་སྣ་མང་པོ་མཉམ་ཞུགས་དང་དྲི་བར་སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།