སྲིད་སྐྱོང་མཆོག་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་མཇལ་མོལ།

2022.04.28
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་མཇལ་མོལ། སྲིད་སྐྱོང་མཆོག་དང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་རྣམ་གཉིས་མཇལ་མོལ་སྐབས། ༠༤།༢༨།༢༠༢༢
tibet.net

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་གིས་གཞུང་འབྲེལ་གྱི་མགྲོན་ཤོག་བཏང་བ་ལྟར། ཉིན་འདི་ཚོར་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་དུ་གནད་ཡོད་མི་སྣར་མཇལ་འཕྲད་དང་ཚོགས་འདུར་མཉམ་ཞུགས། བོད་དོན་ཞུ་གཏུག་བཅས་གནང་བཞིན་པར། འདི་ཚེས་༢༨ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན་ནས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་དང་མཇལ་འཕྲད་གནང་ནས་ཆུ་ཚོད་གཅིག་ལྷག་རིང་བོད་དོན་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་(Nancy Pelosi)་མཆོག་ལ་བཀའ་ཡིག་སྩལ་གནང་བ་འབུལ་བཞེས་གནང་ཡོད་པ་དང་། དེ་ནས་ཆུ་ཚོད་གཅིག་ཙམ་རིང་བོད་དོན་ཆེད་དམིགས་བསལ་ཚོགས་འདུ་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ནས་སྐྱོབ་ཐབས་དང་། མ་འོངས་ལས་དོན་བྱེད་ཕྱོགས། དེ་བཞིན་མཉམ་ལས་བྱེད་ཕྱོགས་བཅས་གོ་བསྡུར་གནང་བ་ཧ་ཅང་ཡག་པོ་བྱུང་བ་དང་། སྤྱིར་སྟངས་ད་རེས་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་ཧ་ཅང་ཡག་པོ་ཡོང་བཞིན་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་བྱུང་།

Penpa Tsering Nancy Pelosi (1).jpg
སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་ཧོ་ལི་ཝུཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆརཌི་གྷིར་(Richard Gere)་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་བཅས་མཉམ་བཅར་གནང་ནས་ཚོགས་འདུ་འཚོགས་ཡོད་པ་རེད།

279110848_4912664172186116_5767020445574820954_n.jpg

ད་དུང་སྐབས་དེར་སྲིད་སྐྱོང་མཆོག་དང་མཉམ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ལྷན་བཅར་ཞུས་ནས། ད་བར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་གནས་སྟངས་ངོ་སྤྲོད་དང་མཉམ། སྤྱི་ནོར་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་སྒོ་ཀུན་ནས་རྒྱབ་སྐྱོར་ཤུགས་ཆེ་ཙམ་གནང་རྒྱུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་བར་རང་དབང་ཡོང་ཐབས་གནང་དགོས་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།