སྲིད་སྐྱོང་མཆོག་གཞུང་དོན་འཚམས་གཟིགས་ཆེད་ཧྥ་རན་སིར་ཕེབས་འབྱོར་བྱུང་འདུག

2023.11.30
སྲིད་སྐྱོང་མཆོག་གཞུང་དོན་འཚམས་གཟིགས་ཆེད་ཧྥ་རན་སིར་ཕེབས་འབྱོར་བྱུང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཞུང་དོན་འཚམས་གཟིགས་ཆེད་ཧྥ་རན་སིར་ཕེབས་འབྱོར་བྱུང་སྐབས། ༡༡།༣༠།༢༠༢༣
Communauté Tibetaine de France

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༣༠ཉིན་ཧྥ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ཧྥ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་མང་ཚོགས་ཀྱིས་ཕེབས་བསུ་ཞུས་འདུག

Sikyong Penpa Tsering started his official engagement in Vienna (3).jpg
སྲིད་སྐྱོང་མཆོག་གིས་ཚེས་༢༨ཉིན་ཨའོསི་ཊིརི་ཡའི་(Austria)་རྒྱལ་ས་ཝིཡི་ནར་(Vienna)་ནང་གཞུང་འབྲེལ་མཚམས་གཟིགས་གནང་བ་དང་། ཕྱི་ཚེས་༢༩ཉིན་ཨའོསི་ཊིརི་ཡའི་(Austria)་རྒྱལ་ཡོངས་གསར་ཁང་གཙོས་གསར་འགྱུར་བརྒྱུད་ལམ་ཁག་གསུམ་གྱི་བཅར་འདྲི་དྭང་ལེན་གནང་བ་དང་། ཉིན་རྒྱབ་(Save Tibet)་ཞེས་བོད་སྐྱོབ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཙོ་ཟུར་པ་(Amala ZIMMERMANN)་ལགས། ཚོགས་མི་(Karl LEITNIER)་ལགས་བཅས་དང་མཇལ་འཕྲད་གནང་བ་དང་། དེའི་རྗེས་བོད་རིགས་ཚོགས་པའི་རྒྱུན་ལས་རྣམ་པ་ལྷན་དུ་མཇལ་འཛོམས་དང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་གཞོན་སྐྱེས་ཚོགས་མི་དང་ཟུར་དུ་མཇལ་འཛོམས་གནང་བའི་རྗེས། ཕྱི་དྲོ་ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་སོགས་གནང་ཡོད་པ་ཁུལ་དེའི་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་ཐུབ་བསྟན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

Sikyong Penpa Tsering started his official engagement in Vienna (1).jpg
སྲིད་སྐྱོང་མཆོག་གིས་བོད་མི་མང་ཚོགས་ལ་གསུང་བཤད་གནང་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་བཀའ་དྲིན་བསམ་ཤེས་ཐུབ་པའི་ཐོག་ནས་༧མགོན་པོ་མཆོག་གི་བཀའ་དགོངས་སྒྲུབ་དགོས་པ་དང་། བཀའ་ཤག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཕྱག་ལས་གནང་བཞིན་ཡོད་པའི་སྐོར། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ། བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་ཐུབ་པ་བྱས་ཏེ་རྒྱལ་ཁབ་གཞན་གྱི་མི་དམངས་ལ་འགྲེལ་བརྗོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་གལ་ཆེན་པོ་ཡིན་པ་དང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་སྒྲོམ་གཞི་ངོ་སྤྲོད་གནང་བ་དང་ཆབས་ཅིག་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ནང་བོད་མི་གཞོན་སྐྱེས་རྣམས་མཉམ་ཞུགས་བྱ་གལ་ཆེ་བ་དང་། གཞན་ཡང་བོད་མིའི་མི་འབོར་སྐོར་སོགས་ཀྱི་ཐད་ནས་གཏམ་བཤད་གནང་ཡོད་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎