ལྷོ་ཤར་ཨེ་ཤི་ཡས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུ།

ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཐོུང་གིས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱ་དགོས་རྒྱུའི་ཆིངས་དོན་ཐོག་མཚན་རྟགས་འགོད་རྒྱུ་ཡིན་འདུག

2008.08.02
Share on WhatsApp
Share on WhatsApp

༄༅༎རེས་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་ ཤྲི་ལང་ཀའི་རྒྱལ་ས་ཀོ་ལོམ་སྦོའི་ནང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་དབུ་ཁྲིད་རྣམ་པའི་ལྷན་འཛོམས་གནང་བཞིན་ཡོད་པ་དང་ མངའ་ཁུལ་འདིའི་ནང་གི་ཡུལ་གྲུ་ཆེ་ཤོས་ རྒྱ་གར་དང་པ་ཀིསི་ཐན་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་མིན་ལ་མ་ལྟོས་པར་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཐོུང་གི་ཐོག་ནས་འཇིགས་བསྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱ་དགོས་རྒྱུའི་ཆིངས་དོན་ཞིག་གི་ཐོག་མོས་མཐུན་མཚན་རྟགས་འགོད་རྒྱུ་ཡིན་འདུག

དེ་བཞིན་ཡུལ་གྲུ་བརྒྱད་ལས་གྲུབ་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་འདིའི་ཐོག་ མངའ་ཁུལ་འདིའི་ནང་གི་ཟ་འབྲུའི་བདེ་འཇགས་ཀྱི་གནད་དོན་སོགས་ཀྱི་ཐད་བཀའ་བསྡུར་གནང་རྒྱུ་ཡིན་ན་ཡང་ འཇིགས་བསྐྲུལ་དྲག་སྤྱོད་པའི་ཉེན་ཁར་ ཡུལ་གྲུ་བརྒྱད་ཐོུང་གི་ཐོག་ནས་གདོང་ལེན་བྱ་རྒྱུའི་སྐོར་དེ་གྲོས་མོལ་གྱི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད་ དཔེར་ན་ཚོགས་བཅར་བ་ ཨཕ་ག་ནིསི་ཐན་གྱི་སྲིད་འཛིན་ ཧར་མིརྡ་ཀར་ཛཡི་མཆོག་གིས་ ང་ཚོའི་མངའ་ཁུལ་འདིའི་ནང་དཔལ་འབྱོར་མཉམ་འབྲེལ་གོང་འཕེལ་ཡོང་ཆེད་དང་ ས་བབས་མཉམ་འབྲེལ་གོང་འཕེལ་ཡོང་ཐབས་སོགས་ཀྱི་ཆེད་ངེས་པར་དུ་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ལ་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་གསུངས་པར་མ་ཟད་ རྒྱ་གར་དང་པ་ཀིསི་ཐན་གྱི་སྲིད་བློན་རྣམ་གཉིས་ནས་ཀྱང་དེར་མོས་མཐུན་གནང་ཡོད་པ་རེད་

ཉེ་བའི་ཆར་རྒྱ་གར་དང་པ་ཀིསི་ཐན་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་མཚོན་རྟགས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ ལྷག་པར་དུ་རྒྱ་གར་དང་ཨ་མི་རི་ཀའི་གཞུང་གིས་ ཟླ་བ་སྔོན་མའི་ནང་ཨཕ་ག་ནིསི་ཐན་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཐོག་འབར་རྫས་ཀྱི་དོན་རྐྱེན་བྱུང་བ་དེའི་ནང་ པ་ཀིསི་ཐན་གྱི་དབུས་གསང་བའི་ལས་ཁུངས་ཀྱི་ཐེ་བྱུས་ཡོད་པར་དྭོགས་པ་བྱེད་བཞིན་ཡོད་ཅིང་ པ་ཀིསི་ཐན་གཞུང་གིས་དེར་མོས་མཐུན་བྱེད་ཀྱི་མེད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།