ལྷོ་ཤར་ཡུལ་གྲུའི་མཐུན་ཚོགས་ཀྱི་ཚོགས་འདུ་འགོ་ཚུགས།
2011.11.17
༄༅༎ཨིན་ཌོ་ནེ་ཤི་ཡའི་སྦ་ལི་གྲོང་ཁྱེར་རུ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཐུན་ཚོགས་ཀྱིས་ཚོགས་འདུ་འགོ་འཛུགས་གནང་ཞིང་ ཚོགས་འདུ་ཉིན་དང་པོའི་སྐབས་མཐུན་ཚོགས་ཀྱི་ཡུལ་ཁག་དང་རྒྱ་ནག་དབར་མཚོ་གླིང་བདག་དབང་གི་རྩོད་གཞི་དང་ དེ་བཞིན་འབར་མ་ནང་ཆབ་སྲིད་ཀྱི་བཅོས་བསྒྱུར་གྱི་གནད་དོན་བཅས་བགྲོ་གླེང་གི་གནད་དོན་གཙོ་བོ་ཡིན་པ་རེད་འདུག་༎
ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་སི་པ་རའཏ་ལི་སོགས་སྤྱི་གླིང་ཁག་གི་བདག་དབང་དང་འབྲེལ་བའི་གནད་དོན་ཐད་ཕི་ལི་པིན་སི། ལྦིཏ་ནམ། ཨིན་ཌོ་ནེ་ཤི་ཡ་ བཅས་དང་ རྒྱ་ནག་དབར་རྩོད་གླེང་ཡོད་མུས་ཁར་ཉེ་ཆར་ཕི་ལི་པིན་སི་གཞུང་གིས་མཚོ་གླིང་གི་བདག་དང་མཚོ་ཐོག་གི་རྩོད་གླེང་ཐོག་གོང་གསལ་རྒྱལ་ཁབ་ཚོས་རྒྱ་ནག་ལ་གཅིག་བསྒྲིལ་གྱི་གདོང་ལེན་བྱ་དགོས་སྐོར་ནན་སྐུལ་བྱས་ཡོད་ལ་ ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ཀྱང་རིང་མིན་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ལྷན་ཚོགས་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དང་འབྲེལ་བའི་གནད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་སྔོན་བརྡ་བཏང་ཡོད་པ་རེད་ ཡང་འབར་མ་གཞུང་གིས་ཉེ་ལམ་ནས་ཆབ་སྲིད་གུ་ཡངས་བཅོས་བསྒྱུར་ལ་ངོས་འཛིན་དང་བསྔགས་བརྗོད་ཚུལ་དུ་༢༠༡༤ལོའི་མཐུན་ཚོགས་ཀྱི་ལོ་འཁོར་ལྷན་ཚོགས་དེ་བཞིན་འབར་མ་གཞུང་གི་གཙོ་སྐྱོང་བྱ་རྒྱུར་མགྲོན་རྟགས་འབུལ་རྒྱུའི་མང་མོས་ཐག་གཅོད་བྱུང་བཞག་༎