ཐེ་ཝན་གྱིས་དམག་གི་གྲུ་གཟིངས་དང་གནམ་གྲུ་མཚོ་ཁུལ་དུ་ཆེད་གཏོང་བྱས་འདུག

2022.08.05
Share on WhatsApp
Share on WhatsApp
ཐེ་ཝན་གྱིས་དམག་གི་གྲུ་གཟིངས་དང་གནམ་གྲུ་མཚོ་ཁུལ་དུ་ཆེད་གཏོང་བྱས་འདུག ཨ་རིའི་མཁའ་དམག་གི་གནམ་གྲུ་གྲུ་གཟིངས་(USS Tripoli)་ནས་འཕུར་བཞིན་པ། ༠༨།༠༥།༢༠༢༢
U.S. Navy

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་གཟིགས་སྐོར་འགྲུབ་ནས་ཐེ་ཝན་ནས་ཕེབས་ཐོན་རྗེས། འདི་ཚེས་༤ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་ཉེ་འགྲམ་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱེད་བཞིན་པ་དང་། གནས་སྟངས་དེར་རྟོགས་ཞིབ་ཆེད་འདི་ཚེས༥རེས་གཟའ་པ་སངས་ཉིན། ཐེ་ཝན་གྱིས་མེ་ཤུགས་འཕུར་མདེལ་ཡོད་པའི་དམག་གི་གྲུ་གཟིངས་དང་གནམ་གྲུ་སོགས་མཚོ་ཁུལ་དུ་ཆེད་གཏོང་བྱས་འདུག
དེ་བཞིན་ཨ་མི་རི་ཀའི་ངོས་ནས་ཀྱང་(USS Ronald Reagan)་རྟགས་ཅན་ཚུད་པའི་མཁའ་དམག་གནམ་གྲུ་དང་མེ་ཤུགས་འཕུར་མདེལ་སྟེགས་པའི་དམག་གྲུ་ཐེ་ཝན་མཚོ་ཁུལ་གྱི་ཉེ་ས་ནས་རྒྱ་ནག་གི་བྱ་སྤྱོད་ལ་རྟོགས་ཞིབ་བྱས་བསྡད་ཡོད་པ་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལྷན་ཁང་གི་མགྲིན་ཚབ་པ་(John Kirby)་ལགས་ཀྱིས་གསུངས་འདུག
ཐེ་ཝན་གྱི་བདེ་སྲུང་ལྷན་ཁང་གིས། རྒྱ་ནག་གཞུང་གི་མཁའ་དམག་གནམ་གྲུ་དང་། མཚོ་དམག་གི་དམག་གྲུ་མང་དག་ཅིག་ཐེ་ཝན་དང་རྒྱ་ནག་གི་ས་མཚམས་ཀྱི་ས་ཐིག་བརྒལ་ནས་འཛུལ་ཞུགས་བྱས་པ་དེ་ནི་ཞི་བདེ་བརྟན་བརླིང་ལ་ཉེན་ཚབས་ཆེན་པོ་བཟོ་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་དང་མཉམ། ཐེ་ཝན་གྱི་ངོས་ནས་དམག་འཐབ་ཀྱི་ཆེད་གྲ་སྒྲིག་ཡོད་ཀྱང་དམག་འཁྲུག་སློང་གི་མེད་པ་བརྗོད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎