བཙན་བྱོལ་བོད་མིར་རོགས་སྐྱོར་གནང་མཁན་ཇར་མན་གྱི་རོགས་ཚོགས་ཀྱི་སྐུ་ཚབ་ཀྱིས་རྡ་རམ་སཱ་ལར་འཚམས་གཟིགས།

2022.05.16
Share on WhatsApp
Share on WhatsApp
བཙན་བྱོལ་བོད་མིར་རོགས་སྐྱོར་གནང་མཁན་ཇར་མན་གྱི་རོགས་ཚོགས་ཀྱི་སྐུ་ཚབ་ཀྱིས་རྡ་རམ་སཱ་ལར་འཚམས་གཟིགས། བཙན་བྱོལ་བོད་མིར་རོགས་སྐྱོར་གནང་མཁན་ཇར་མན་གྱི་རོགས་ཚོགས་ཀྱི་སྐུ་ཚབ་ཚོ་རྡ་རམ་སཱ་ལར་འཚམས་གཟིགས་ཕེབས་པར་ཕེབས་བསུའི་སྐབས། ༠༥།༡༦།༢༠༢༢
tibet.net

ཇར་མན་བོད་མིའི་རོགས་ཚོགས་ (German Aid to Tibetans (GAT)་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ཤེས་ཡོན། འཕྲོད་བསྟེན། གཞིས་ཆགས་ཁག་ནང་འཛུགས་བསྐྲུན་གྱི་ལས་གཞི་སྣེ་མང་ཐོག་ལོ་མང་རིང་རོགས་རམ་ཤུགས་ཆེ་གནང་གི་ཡོད་ཅིང་། ཚོགས་པ་དེའི་ཚོགས་གཙོ་ལྕམ་(Heide Meyer)་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་སཱ་ལར་འཚམས་གཟིགས་སུ་ཕེབས་འབྱོར་གནང་ཞིང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི་བཀའ་བློན་རྣམ་པ་དང་། དྲུང་ཆེ་ཆུང་ལ་སོགས་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་པ་རྣམས་དང་ལྷན་དུ་རོགས་ཚོགས་འདིས་དཔལ་འབྱོར་མཐུན་རྒྱུར་གནང་བཞིན་པའི་གཞིས་ཆགས་ཁག་ནང་གི་ལས་གཞི་ཁག་གི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག
འདི་ཚེས་༡༦རེས་གཟའ་ཟླ་བའི་ཉིན་ཇར་མན་གྱི་རོགས་སྐྱོར་ཚོགས་པ་དེའི་སྐུ་ཚབ་རྣམས་ལ་སྲིད་སྐྱོང་དབུ་ཞུགས་རོགས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་སྐུ་ཚབ་ཚོགས་ཆུང་གི་མི་སྣ་ཚོར་ཕེབས་བསུའི་མཛད་སྒོ་ཞིག་གནང་པ་དང་སྦྲགས། ཁོང་རྣམ་པའི་ཚོགས་པ་དེས་འདས་པའི་ལོ་ངོ་༥༤ རིང་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་ལྷག་པར་དུ་གཞིས་ཆགས་སྲ་བརྟན་གྱི་ལས་གཞིའི་ཐད་རོགས་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁྱེད་རྣམ་པའི་དཔལ་འབྱོར་གྱི་རོགས་རམ་གྱིས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ལ་ཧ་ཅང་གི་ཕན་ཐོགས་བྱུང་ཡོད་པ་མ་ཟད། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་བསྐྱར་བསྐྲུན་དང་བསྐྱར་གསོའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་དམིགས་བསལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུངས་ཡོད་པ་རེད།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།