རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྡ་རམ་སཱ་ལར་འཚམས་གཟིགས་གནང་།

2022.04.27
Share on WhatsApp
Share on WhatsApp
རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྡ་རམ་སཱ་ལར་འཚམས་གཟིགས་གནང་། རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྡ་རམ་སཱ་ལར་འཚམས་གཟིགས་གནང་སྐབས། ༠༤།༢༧།༢༠༢༢
Tibetan Parliament-in-Exile

རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ཚེས་༢༦ཉིན་གངས་སྐྱིད་དུ་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་གནང་ཞིང་། སྐབས་དེར་རྒྱ་གར་གྲོས་ཚོགས་འོག་མ་(Lok Sabha)་ཡི་འཐུས་མི་སྐུ་ཞབས་(Sunil Kumar Mandal)་ལགས་ཀྱིས་གསར་འགོད་པ་ཚོར། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོར་ང་ཚོས་རྟག་ཏུ་གུས་རྩིས་བྱེད་བཞིན་ཡོད། ཁོང་གི་མཛད་རྗེས་ལ་བརྟེན་ནས་རྒྱ་གར་གྱི་གནའ་བོ་རིག་གཞུང་གི་མཚན་སྙན་དེ་ཡང་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐད་དམ་དྲག་བྱེད་མུས་ཡིན་པ་དེར་ཡ་ལན་དུ་རྒྱ་གར་གྱི་ངོས་ནས་བོད་མི་དང་ལྷན་དུ་མཉམ་རུབ་ཀྱིས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལ་ཤུགས་གནོན་རྒྱག་དགོས་ཅེས་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་(Sunil Kumar Mandal)་ལགས་ནི། ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་གྲོས་ཚོགས་ཀྱི་ནུས་པའི་ཐོན་ཁུངས་སྐོར་གྱི་ཚོགས་ཆུང་(Indian Parliamentary standing Committee on Energy)་ཞེས་བའི་རྒྱུན་ལས་ཡིན་པ་རེད།
ད་རེས་རྡ་རམ་ས་ལར་ཕེབས་པའི་རྒྱ་གར་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་འདི་ནི་ཧི་མ་ཅལ་མངའ་སྡེ་ནང་གཞུང་འབྲེལ་གྱི་ལས་དོན་ཆེད་ཕེབས་ཞོར་དུ། བོད་མིའི་སྒྲིག་འཛུགས་སུ་འཚམས་གཟིགས་ལ་ཕེབས་པ་ཞིག་ཡིན་ཞིང་། བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསར་འགོད་པར་གསུངས་དོན། རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ནི་བོད་དོན་ཐོག་ལ་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པས། ད་རེས་ཁོང་རྣམ་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ད་རེས་རྒྱ་གར་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ནང་འཚམས་གཟིགས་གྲུབ་མཚམས་སུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་མཇལ་དང་གཟིགས་སྐོར་གནང་བའི་རྗེས། བོད་ཀྱི་ཟློས་གར་ཚོགས་པས་ཁོང་རྣམས་ལ་འཕགས་བོད་གཉིས་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཞི་ཅིན་ཕིན་གྱིས་དབང་ཆ་གཅིག་སྡུད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎