སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་དུ་བོད་དོན་གཏམ་བཤད་གནང་འདུག

2023.12.01
སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་དུ་བོད་དོན་གཏམ་བཤད་གནང་འདུག སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་དུ་བོད་དོན་གཏམ་བཤད་གནང་སྐབས། ༡༡།༣༠།༢༠༢༣
TPiE

དེ་ཡང་ཕྱི་ཟླ་༡༡པའི་ཚེས་༣༠རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་(India Foundation)་ཞེས་པས་གོ་སྒྲིག་ཞུས་པའི་བོད་དོན་གཏམ་བཤད་ཀྱི་ལས་རིམ་གྱི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། བཙན་བྱོལ་ནང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་འོས་བསྡུ་ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་གསུངས་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས། བོད་མཐོ་སྒང་ནི་འཛམ་གླིང་ནང་ཇི་ཙམ་གལ་འགངས་ཆེན་པོ་ཡིན་པ་དང་། བོད་རང་བཙན་གྱི་ལོ་རྒྱུས། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་ཕྱུག་པོ་རྣམས་ངོ་སྤྲོད་གནང་ཡོད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་དང་བཅས་བ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་གསུངས་སྐབས། བཙན་བྱོལ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལམ་སྟོན་འོག བོད་མིའི་སྒྲིག་འཛུགས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེར་ཡ་ལན་རྩ་བ་ནས་བྱེད་ཀྱི་མེད་པར་བློ་ཕམ་ཡོད་པ་ནན་བརྗོད་གནང་འདུག

Khenpo sonam Tibetan Parliament-in-Exile (1).jpg
དེ་བཞིན་ཁོང་གིས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་དང་རྒྱ་གར་གཉིས་བར་ལ་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་རྒྱ་གར་ནི་འཛམ་གླིང་ནང་ནས་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པར་བསྔགས་བརྗོད་གནང་བ་མ་ཟད། ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་པ་དང་། དེ་སྔ་སྤྱིི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༥༦ལོར་རྒྱ་གར་ནང་ཆིབས་བསྒྱུར་མཛད་སྐབས་རྒྱ་གར་གྲོས་ཚོགས་སུ་ཞབས་སོར་འཁོད་པ་དང་། དེ་བཞིན་༡༩༥༤ལོར་རྒྱ་ནག་ལ་ཕེབས་ནས་རྒྱ་ནག་དམར་ཤོག་ལམ་ལུགས་ཀྱི་འགྲོ་སྟངས་མཁྱེན་གནང་མཛད་པ་བཅས་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་ཕྱག་བསྟར་གནང་ལུགས་སོགས་ཀྱི་སྐོར་དང་། བཙན་བྱོལ་ནང་དུ་མང་གཙོའི་ལམ་སྲོལ་གསར་འཛུགས་མཛད་པ་དེ་ནི། ཁྲིམས་ཞིབ་དང་གྲོས་ཚོགས། འཛིན་སྐྱོང་བཅས་མང་གཙོའི་ཀ་བ་གསུམ་ལྡན་གྱི་མང་གཙོ་ཆ་ཚང་ཐོག་ལ་བསྐྱོད་བཞིན་ཡོད་པའི་སྐོར་སོགས་གསུངས་འདུག

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎