བོད་ཀྱི་འགྲེམས་སྟོན་ཁང་གིས་ཨ་རིའི་ནང་སྐོར་བསྐྱོད་འགྲེམས་སྟོན་གནང་བཞིན་འདུག

2025.02.04
བོད་ཀྱི་འགྲེམས་སྟོན་ཁང་གིས་ཨ་རིའི་ནང་སྐོར་བསྐྱོད་འགྲེམས་སྟོན་གནང་བཞིན་འདུག བོད་ཀྱི་འགྲེམས་སྟོན་ཁང་གི་འབྲེལ་ཡོད་མི་སྣ་བོད་ཁང་དུ། ༢༠༢༥།༢།༣
CTA

བོད་ཀྱི་འགྲེམས་སྟོན་ཁང་དང་ཨ་རིའི་ནང་གི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་བཞི་མཉམ་འབྲེལ་གྱིས་གོ་སྒྲིག་འོག སྤྱི་ཟླ་གཉིས་པའི་ཚེས་༣ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་བོད་ཁང་ནས་འགོ་འཛུགས་ཀྱིས་སྤྱི་ཚེས་༢༤བར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དང་། མི་ནི་སོ་ཌ། ཝེ་སི་ཀོན་སེན། ཆི་ཁ་གྷོ་བཅས་སུ་རིམ་པས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་མཛད་པ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག བོད་ཀྱི་རིག་གནས། དེ་བཞིན་བོད་ནང་གི་ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་དང་སྐོར་བསྐྱོད་འགྲེམས་སྟོན་གནང་བཞིན་པ་རེད།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་དང་། འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་གཉིས་ཨ་རིར་ཆེད་ཕེབས་ཀྱིས་སྐོར་བསྐྱོད་འགྲེམས་སྟོན་གཙོ་སྐྱོང་གནང་བཞིན་པ་དང་། དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་ཀྱིས། ཕྱི་དྲིལ་ལས་ཁུངས་ཀྱིས་འགྲེམས་སྟོན་ནི་བོད་ཀྱི་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ད་རེས་ཨ་རིའི་ནང་མཐོ་སློབ་དང་འགྲེམས་སྟོན་ཁང་བར་མ་འོངས་འབྲེལ་ལམ་གཏོད་རྒྱུ་དང་། མཉམ་ལས་བྱེད་ཕྱོགས་སྐོར་གོ་བསྡུར་གནང་རྒྱུ་ནི་ཐེངས་འདིར་སྐོར་བསྐྱོད་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ཡིན་པ་འགྲེལ་བརྗོད་གནང་འདུག

Tibet Museum’s Travelling Exhibition Launches Across North America.JPG
བོད་ཀྱི་འགྲེམས་སྟོན་ཁང་གིས་ཨ་རིའི་ནང་སྐོར་བསྐྱོད་འགྲེམས་སྟོན་གནང་བཞིན་པ། པར། ཀུན་དགའ་བཀྲ་ཤིས།


ད་རེས་འགྲེམས་སྟོན་ནང་མཐོང་དཀོན་པའི་པར་རིས་དང་། བོད་ཀྱི་ཤོག་དངུལ། ཊམ་ཀ་སོགས་ཁྱོན་ཅ་དངོས་མ་འདྲ་བ་གྲངས་བརྒྱ་སྐོར་ཞིག་ཡོད་པ་དང་། ས་གནས་ཁ་ཤས་ལ་དངོས་བྱུང་གློག་བརྙན་སྟོན་པའི་ལམ་ནས་བོད་ངོ་སྤྲོད་གནང་རྒྱུ་རེད་འདུག
འགྲེམས་སྟོན་འདི་ནི་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རེ་སྐུལ་ཞུས་པ་བཞིན། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། མི་ནི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ། ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པ། ཆི་ཀ་གྷོ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ཚོགས་ཁང་མཐུན་འགྱུར་དང་། ས་གནས་ཀྱི་མཐོ་སློབ་དང་འགྲེམས་སྟོན་ཁང་ལ་འབྲེལ་མཐུད་གནང་རྒྱུས་མཚོན་གང་ཅིའི་ཕྱག་རོགས་གང་ལེགས་གནང་བར་སྐུ་ཚབ་དོན་གཅོད་རྣམ་ཆོས་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་སོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎