ཐེ་ཝན་གྱི་སྤྱི་ཚོགས་དང་ལྷག་པར་ཤེས་ཡོན་པའི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་འདུག

2022.08.08
Share on WhatsApp
Share on WhatsApp
ཐེ་ཝན་གྱི་སྤྱི་ཚོགས་དང་ལྷག་པར་ཤེས་ཡོན་པའི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་འདུག ལྷ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་ཐེ་ཝན་དུ། ༢༠༢༢
མཐུན་འགྱུར་པར་རིས།/RFA

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་སྤྱི་དང་། ཁྱད་པར་དུ་ཐེ་ཝན་ནང་གི་སྐུ་ཚབ་དོན་གཅོད་ཁང་དུ། སྤྱི་ལོ་༡༩༩༨ལོ་ནས་ནང་ཆོས་ཀྱི་ལྟ་གྲུབ་སློབ་དཔོན་བསྐོ་བཞག་ལམ་སྲོལ་བཙུགས་ཏེ། ཐེ་ཝན་གྱི་ནང་ཆོས་དོན་གཉེར་བ་ཚོར་སློབ་ཁྲིད་གནང་གི་ཡོད་པ་ལྟར། དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་འདི་ལོ་སྤྱི་ཟླ་༦པའི་ཚེས་༡བར། ལོ་ངོ་བཅུ་བདུན་གྱི་རིང་ལྟ་གྲུབ་དགེ་རྒན་གནང་རྗེས་གནས་སྤོས་དང་འབྲེལ། དོན་གཅོད་ཁང་དུ་ལྟ་གྲུབ་དགེ་རྒན་གསར་པ་ལ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་སྤྲུལ་སྐུ་བསྟན་འཛིན་རྣམ་གྲོལ་ལགས་བསྐོས་ཡོད་ཅིང་། ཐེ་ཝན་གཞུང་གི་རྒྱལ་ཡོངས་ཆབ་སྲིད་ཚན་རིག་སློབ་ཆེན་དུ་ནང་ཆོས་ཐོག་འབུམ་རམས་པ་སློབ་གཉེར་གནང་བཞིན་པ། དགེ་བཤེས་ལྷ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་ནས། ངོ་ཤེས་ཚོས་དོན་གཅོད་ཀྱི་ལྟ་གྲུབ་དགེ་རྒན་ས་མིག་ཏུ་སྙན་ཞུ་གནང་དགོས་པའི་སྐུལ་མ་གནང་བར་བརྟེན་སྙན་ཞུ་ཕུལ་བ་དང་། ཐེ་ཝན་གྱི་སྤྱི་ཚོགས་ནང་མི་མང་ཕལ་ཆེ་བར་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་པས། ནང་ཆོས་ལ་དོ་སྣང་ཧ་ཅང་ཡག་པོ་ཡོད་པ་དང་། ཁོང་གི་ལས་འགན་ལྟར། རྒྱ་མི་རིགས་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་བ་དང་། གཞུང་ཆེན་བཀའ་པོད་ལྔ་སོགས་སློབ་ཁྲིད་གནང་གི་ཡོད་པ་གསུངས་བྱུང་།
གཞན་ཡང་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་འབའ་པ་བསྐལ་བཟང་རྒྱལ་མཚན་ལགས་ཀྱིས། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་གི་ལྟ་གྲུབ་དགེ་རྒན་གྱི་ས་མིག་ཆོས་རིག་ལས་ཁུངས་ནས་གསལ་བསྒྲགས་དང་། འདེམས་སྒྲུག་ཚོགས་ཆུང་ནི་སྤྱི་མཚུངས་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཡིག་ཚད་བཏང་བའི་མཐར། བཀའ་ཤག་གིས་བསྐོ་བཞག་གནང་བའི་གནས་སྟངས་ཤིག་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དགེ་བཤེས་ལྷ་རམས་པ་བསྟན་འཛིན་རྣམ་གྲོལ་ལགས་ནི། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་པ་དང་། སྤྱི་ལོ་༡༩༩༢ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། སུ་ཇ་བོད་ཁྱིམ་དུ་སློབ་གཉེར་དང་། རིམ་པས་༧གོང་ས་མཆོག་གིས་དགེ་བཤེས་བློ་བཟང་དབང་འདུས་ཀྱི་སྐྱེ་སྤྲུལ་ལ་ངོས་འཛིན་དང་། དགེ་བཤེས་ལྷ་རམས་དང་སྔགས་རམས་གཉིས་ག་ཐོན་ཡོད་པ་མ་ཟད། སྤྱི་ལོ་༢༠༡༢ནས་ཐེ་ཝན་དུ་རྒྱ་ཡིག་སློབ་གཉེར་གྱིས་ཤཱན་ཙང་སློབ་ཆེན་དུ་ཞིབ་འཇུག་སློབ་མ་མཐར་ཕྱིན་རྗེས། ཐེ་ཝན་ཆབ་སྲིད་ཚན་རིག་སློབ་ཆེན་དུ་འབུམ་རམས་པའི་ཡིག་ཚད་འཕྲོད་ཡོད་ཅིང་། ད་ཆ་བོད་ཀྱི་དོན་གཅོད་ཁང་གི་ནང་ཆོས་འཛིན་གྲྭར་སློབ་ཕྲུག་༢༠༠བརྒྱ་ལྷག་ཡོད་པར་ནང་ཆོས་སློབ་ཁྲིད་དང་། ཆོས་ལུགས་མཐུན་ལམ། ཚན་རིག་པ་སོགས་དང་བགྲོ་གླེང་དང་། ལོ་རེར་༧གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་རེ་རྒྱ་ཡིག་ཏུ་བསྒྱུར་རྒྱུ་འགན་ཁུར། ཀུན་གསལ་འོད་སྣང་ཟེར་བའི་རྒྱ་ཡིག་དུས་དེབ་ཞིག་འདོན་བཞིན་པ་སོགས་རྩོམ་སྒྲིག་པའི་ལས་འགན་འཁུར་བཞིན་ཡོད་པ་རེད་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎