བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་ནག་གཞུང་གི་དཔོན་རིགས་ལྷན་གླེང་སློང་གནང་་དགོས་པའི་དགོས་འདུན་བཏོན་པ།

2022.05.23
Share on WhatsApp
Share on WhatsApp
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་ནག་གཞུང་གི་དཔོན་རིགས་ལྷན་གླེང་སློང་གནང་་དགོས་པའི་དགོས་འདུན་བཏོན་པ།
ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་ལྕམ་ Michelle Bachelet མེ་ཤལ་སྦེ་ཆེ་ལེཊ ཕྱི་ཟླ་༥་ཚེས་༢༣ ཉིན་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་རྒྱུ་ཡིན་པའི་དུས་སྐབས་བསྟུན་ནས། བོད་མི་ཚོས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་་སྐད་འབོད་གནང་ནས། འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་་ལྕམ་མེ་ཤལ་ལགས་ཀྱིས་ད་ཐེངས་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་སྐབས་ངེས་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་ནག་གཞུང་གི་དཔོན་རིགས་ལྷན་གླེང་སློང་གནང་་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་གནང་སོང་།
ལས་འགུལ་སྤེལ་སར་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་ཆུང་བྱིས་པ་ཚོ་ལ་བོད་རང་གི་སྐད་ཡིག་སློབ་གཉེར་བྱེད་སའི་ཁོར་ཡུག་བསྐྲུན་གྱི་མེད་པར། རྒྱ་ནག་གི་སྐད་ཡིག་སློབ་གཉེར་བྱེད་བཅུག་ནས་བོད་མི་རིགས་དེ་རྒྱ་མི་རིགས་ཅན་དུ་བསྒྱུར་བཞིན་པའི་གནས་སྟངས་སྐོར་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་མཆགོག་གིས་་རྒྱ་ནག་ཏུ་གཟིགས་སྐོར་སྐབས་ངེས་པར་དུ་བོད་དོན་གླེང་དགོས་ཡོད་ཅེས། དེ་རིང་གི་ལས་འགུལ་སྤེལ་བཞིན་པའི་སྐོར་འགྲེལ་བརྗོད་གནང་སོང་།ད་ཐེངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་ལྕམ་མི་ཤེལ་སྦེ་ཆེ་ལེཊ་ལགས་ཀྱི་འཚམས་གཟིགས་འདིའི་རིང་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏོང་ཞིང་ཆེན་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བའི་ཀ་ཤ་སྒར་དང་རྒྱལ་ས་ཨུ་རུམ་ཅི་བཅས་སུ་གཟིགས་སྐོར་གནང་རྒྱུ་ཡིན་རུང་། བོད་ཁུལ་དུ་ཕེབས་རྒྱུ་མིན་པའི་གནས་ཚུལ་ཐོན་པ་ཡོད་པ་དང་། ལྕམ་མི་ཤེལ་སྦེ་ཆེ་ལེཊ་མཆོག་གི་ད་རེས་རྒྱ་ནག་ཏུ་གཟིགས་སྐོར་འདི་ནི། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེལྷན་ཁང་གི་སྤྱི་ཁྱབ་པ་མཆོག་ ༢༠༠༥ རྗེས་སུ་རྒྱ་ནག་ཏུ་ཕེབས་པ་ཐོག་མར་ཆགས་ཀྱི་ཡོད་པ་དང་། གཟིགས་སྐོར་འདིའི་རིང་རྒྱ་ནག་གི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ཚོང་ལས་སྡེ་ཁག་གི་སྐུ་ཚབ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ཁག་ཡོད་པ་དང་། ཉིན་གྲངས་དྲུག་རིང་གི་འཚམས་གཟིགས་འགྲུབ་རྗེས་ཕྱི་ཚེས་༢༩ ཉིན་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། ནིའུ་ཡོག་ནས་ཇོ་ལེབ་ཆོས་འཕེལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།