བོད་ཀྱི་དངོས་བྱུང་གློག་བརྙན་ཆུ་འཐག་ཁང་གིས་མི་མང་པོར་བོད་ཡུལ་དུ་བསྐྱོད་དགོས་བའི་ཚོར་སྣང་སྤྲད་འདུག

2024.10.07
བོད་ཀྱི་དངོས་བྱུང་གློག་བརྙན་ཆུ་འཐག་ཁང་གིས་མི་མང་པོར་བོད་ཡུལ་དུ་བསྐྱོད་དགོས་བའི་ཚོར་སྣང་སྤྲད་འདུག བོད་ཀྱི་དངོས་བྱུང་གློག་བརྙན་(Badi)་ཆུ་འཐག་ཁང་།
Movie Poster of Mill at Badi

སྤྱི་ཟླ་༡༠བའི་ཚེས་༤ ཉིན། ཨ་མི་རི་ཀའི་གྲོང་ཁྱེར་(LOS ANGELES)་ནས། (Badi)་ཡུལ་གྱི་ཆུ་འཐག་ཁང་ཞེས་པའི་གློག་བརྙན་བཟོ་སྐྲུན་པ་(Langsa Vito Zhuge)་ལ་ཉེ་ཆར་བཅར་འདྲི་བྱས་པའི་ནང་། འཛམ་གླིང་གི་ལྟད་མོ་བ་རྣམས་ཀྱིས་དངོས་བྱུང་གློག་བརྙན་དེ་ལམ་ལྷོང་ཇི་ལྟར་བྱུང་མིན་སྐོར་ལ་གླེང་མོལ་གནང་ཡོད་པ་རེད། དངོས་བྱུང་གློག་བརྙན་དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡིད་དབང་འཕྲོག་པའི་བོད་ཡུལ་ནས་བཟོ་བསྐྲུན་བྱས་པ་ཞིག་ཡིན་ཞིང་། དེ་ནི་ཁས་ལེན་དམ་བཅའ་དང་འདས་ཟིན་པའི་དུས་ཚོད་ལ་ཕྱིར་དྲན་དང་ད་ལྟའི་འཚོ་བ་དང་འབྱུང་འགྱུར་གྱི་འཚོ་བར་རེ་སྒུག་བྱེད་པའི་སྐྱིད་སྡུག་མཉམ་མྱོང་གི་དུས་སྐབས་ཀྱི་སྒྲུང་ཞིག་རེད་འདུག
སྒྲུང་ཐུང་དེས་འཛམ་གླིང་གི་ཡུལ་གྲུ་གང་སར་བྲག་ཆའི་སྒྲ་དབྱངས་སྒྲོག་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་སྟོན་ཏེ། རང་གི་རྩ་ཆེ་བའི་ཆུ་འཁོར་ཞིག་གསོ་བྱེད་པར་མཉམ་རུབ་བྱེད་པའི་མི་སྡེ་ཞིག་གི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་གློག་བརྙན་དུ་ཕབ་ཡོད་པ་རེད་འདུག
(Badi)་ཆུ་ཐག་ཁང་ཟེར་བའི་དངོས་བྱུང་གློག་བརྙན་དེ་སྔ་ལོ་གློག་བརྙན་སྟོན་ཐེངས་དང་པོ་དེ་ནས་འགོ་བཙུགས་ཀྱིས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་མང་པོའི་སྟེང་དུ་འདེམས་སྒྲུག་དང་གཟེངས་རྟགས་རིམ་པར་ཐོབ་ཡོད་པ་རེད།
ཡང་གློག་བརྙན་དེས་མུ་མཐུད་ནས་(Moscow)་རྒྱལ་སྤྱིའི་དངོས་བྱུང་གློག་བརྙན་དུས་ཆེན་(Doker)་ཞེས་པའི་ནང་ལ་ལེགས་འགྲུབ་བྱུང་བ་དང་། གློག་བརྙན་ཐུང་ངུའི་འགྲན་བསྡུར་ནང་འདེམས་སྒྲུག་གནང་བ་དེ་བཞིན་ཡང་རྒྱལ་སྤྱིའི་(RIFFA-RRegina)་ཞེས་པའི་གློག་བརྙན་དུས་ཆེན་དང་གཟེངས་རྟགས་ཀྱི་ནང་ལ་ཐོན་པ་སོགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོའི་ནང་གཟེངས་སུ་ཐོན་པའི་བྱ་དགའ་ཐོབ་གནང་ཡོད་པ་སོགས་གནས་ཚུལ་ནང་བཀོད་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ ༢༨ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎