ཧྥ་རན་སིའི་གྷུའི་མེཊི་ (Guimet) འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་ཚོས་མུ་མཐུད་ངོ་རྒོལ་སྐད་འབོད་བྱས་འདུག

2025.02.03
ཧྥ་རན་སིའི་གྷུའི་མེཊི་ (Guimet) འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་ཚོས་མུ་མཐུད་ངོ་རྒོལ་སྐད་འབོད་བྱས་འདུག ཧྥ་རན་སིའི་(Guimet)་འགྲེམས་སྟོན་ཁང་གི་མདུན་དུ་བོད་མི་ཚོས་མུ་མཐུད་ངོ་རྒོལ་སྐད་འབོད་བྱས་སྐབས། ༢༠༢༥།༠༢།༠༢
མཐུན་འགྱུར་པར་རིས། /RFA

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཡོད་པའི་གྷུའི་མེཊི་ (musée Guimet)་འགྲེམས་སྟོན་ཁང་གི་མདུན་དུ། ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་འབྲེལ་ཐོག་བོད་མི་ལྔ་བཅུ་ལྷག་གིས་ངོ་རྒོལ་ལས་ཐེངས་བཅུ་དགུ་བ་དེ་སྤེལ་ཡོད་པ་དང་། ལས་འགུལ་སྐབས་བོད་མི་གཞོན་སྐྱེས་མང་པོས་ཧྥ་རན་སིའི་སྐད་ཡག་པོ་ཤེས་ཀྱི་ཡོད་ཕྱིར་ཡིག་ངག་གཉིས་ཐོག་ནས་ཕར་འགྲོ་ཚུལ་འོང་བྱེད་མཁན་མི་རྣམས་ལ་འགྲེལ་བཤད་རྒྱག་སྐབས་མི་ཚོས་དྲི་བ་མང་པོ་དྲིས་ཏེ་དོ་སྣང་གནང་ཡོད་པ་སོགས་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་འཐུད་པ་(Tibet)་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་བཞིན་ཡང་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཧྥ་རན་སིའི་ཡན་ལག་གི་ཚོགས་གཙོ་ཟུར་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ན་ནིང་གི་ཕྱི་ཟླ་བཅུ་གཉིས་པའི་ཟླ་འཇུག་ལ་ང་ཚོ་གྷུའི་མེཊི་(musée Guimet)་འགྲེམས་སྟོན་ཁང་གི་ཚོགས་གཙོ་དང་མཉམ་དུ་ཐུག་འཕྲད་ཀྱིས་གླེང་མོལ་སྐབས་སུ་ཁོང་གིས་བོད་དེ་མུ་མཐུད་དུ་འཇོག་རྒྱུ་ཡིན་པ་གསུང་བྱུང་བ་དང་། ཁོང་ཚོའི་ངོས་ནས་བོད་ཀྱི་མིང་དེ་ཧི་མ་ལ་ཡའི་འཇིག་རྟེན་དུ་བསྒྱུར་བའི་ཐད་དྲི་བ་བཏང་ཡང་ལན་འདེབས་བྱས་མ་སོང་བ་ལ་ད་ལྟའི་བར་འགྱུར་བ་གང་ཡང་བཏང་མེད་པས་ཁོང་ཚོས་མུ་མཐུད་དུ་ངོ་རྒོལ་བྱས་བ་ཡིན་པ་གསུངས་བྱུང་།
དེ་བཞིན་ན་ནིང་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་འགྲེམས་སྟོན་ཁང་(Musée Quai Branly)་འགྲེམས་སྟོན་ཁང་གིས་བོད་ཀྱི་དངོས་རྫས་དཀར་ཆག་ནང་། བོད་ཅེས་པའི་ཚབ་ཏུ་ཤི་ཙང་རང་སྐྱོང་ལྗོངས་(Xizang Autonomous Region)་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་བ་རྗེས་སུ་འགྱུར་བ་བཏང་ཡོད་པ་དང་། དེ་བཞིན་གྷུའི་མེཊི་(musée Guimet)་འགྲེམས་སྟོན་ཁང་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(Himalayan World)་ཟེར་བ་སོགས་མིང་གསར་པ་བཏགས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་དང་སྤེལ་མུས་རེད།


གསར་འགོད་པ། ལྕགས་མོ་འཚོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎