རྒྱ་ནག་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཨ་རིའི་ཚོང་ལས་ཚོགས་པ་ཞིག་སྒོ་རྒྱབ་བཅུག་འདུག

2021.08.31
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཨ་རིའི་ཚོང་ལས་ཚོགས་པ་ཞིག་སྒོ་རྒྱབ་བཅུག་འདུག ཨ་རྒྱ་གཉིས་ཀྱི་ཚོགས་འདུ་ཞིག་གི་སྐབས། ༢༠༡༨
Reuters

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་རུ་ཡོད་པའི་རྒྱ་ནག་ལྷོ་ནུབ་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཨ་རིའི་ཚོང་ལས་ཚོགས་པ་སྒོ་རྒྱབ་བཅུག་ཡོད་འདུག
རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཨ་རིའི་ཚོགས་ལས་ཚོགས་པའི་འགན་ཁུར་བས་ཚེས་༣༡་ཉིན་རྒྱ་ནག་གཞུང་གིས་ཚོང་ལས་ཚོགས་པ་ལས་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་བ་རོའུ་ཡེ་ཊར་གསར་སྤེལ་ཁང་ལ་བརྗོད་ཡོད་འདུག
དེ་བཞིན་ཚེས་༣༠་ཉིན་རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཨ་རིའི་ཚོང་ལས་ཚོགས་པའི་ཚོགས་མི་ཚོར་བརྡ་ཐོ་བཏང་བའི་ནང་། རྒྱ་ནག་གི་ཁྲིམས་ལུགས་སྒྲིག་གཞི་ལྟར། ཉིན་དེ་ནས་བཟུང་ལས་དོན་ཐམས་ཅད་མཚམས་འཇོག་བྱས་བ་དང་། རྒྱ་ནག་ལྷོ་ནུབ་ཨ་རིའི་ཚོང་ལས་ཚོགས་པའི་མིང་ཐོག་ནས་ལས་དོན་གང་ཡང་སྤེལ་རྒྱུ་མིན་ཞེས་བཀོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཚོང་ལས་ཚོགས་པ་དེ་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་གང་ཡང་གསལ་ཁ་བཏོན་མེད་པ་རེད།
དེ་བཞིན་རོའུ་ཡེ་ཊར་གསར་སྤེལ་ཁང་གིས་ཨ་རིའི་ཚོང་ལས་ཚོགས་པའི་ཚོགས་གཙོ་(Benjamin Wang)་གི་སྐད་ཆ་ལུང་འདྲེན་བྱས་བ་ལྟར་ན། ད་ལྟ་ཚོགས་པ་དེ་ས་གནས་འབྲེལ་ཡོད་ལས་ཁུངས་སུ་དེབ་སྐྱེལ་བྱེད་ཕྱོགས་དང་མ་འོངས་ཁ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་བྱེད་བཞིན་པའི་སྒང་ཡིན་པ་དང་། དེ་རྒྱ་ནག་གི་དམངས་སྲིད་ལས་ཁུངས་ཀྱི་གཏན་འབེབས་གསར་བ་ཞིག་ཡིན་ཚུལ་དང་། རྒྱ་ནག་ནང་ཕྱི་རྒྱལ་གྱི་ཚོང་ལས་ཚོགས་པ་གཅིག་མ་གཏོགས་རྒྱུན་གནས་མི་ཆོག་ཚུལ་བརྗོད་འདུག ཡིན་ནའང་རོའུ་ཡེ་ཊར་གསར་སྤེལ་ཁང་གིས་རྒྱ་ནག་དམངས་སྲིད་ལྷན་ཁང་ལ་སྐད་ཆ་དྲིས་པར་ལན་འདེབས་མཁན་བྱུང་མི་འདུག
ཡང་གནས་ཚུལ་ནང་། རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཨ་རིའི་ཚོང་ལས་ཚོགས་པ་དེ་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་གི་ཚོང་ལས་ཚོགས་པའི་ཁོངས་གཏོགས་མིན་པ་དང་། ཨ་རིའི་ཚོང་ལས་ཚོགས་པ་དེ་པེ་ཅིན་དུ་བཙུགས་ཡོད་པ་དང་། ཡན་ལག་ཁང་ཁ་ཤས་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ནང་ཡོད་འདུག
རྒྱ་ནག་ཁྲིན་ཏུའུ་ནང་གི་རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཨ་རིའི་ཚོང་ལས་ཚོགས་པ་ནི། ཕྱི་ལོ་༡༩༩༦་ལོར་གསར་འཛུགས་བྱས་པའི་ཆབ་སྲིད་ཚོགས་པ་གང་ལའང་མི་གཏོགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་དང་། རྒྱ་ནག་གི་ལྷོ་ནུབ་ས་ཁུལ་གྱི་ཤུགས་རྐྱེན་ཆེ་བའི་ཕྱི་རྒྱལ་གྱི་ཚོང་ལས་ཚོགས་པའི་གྲས་ཀྱི་གཅིག་ཡིན་ཞིང་། དེའི་ཁྱབ་ཁོངས་སུ་ཡུན་ནན་དང་ཀོས་ཀྲིག སི་ཁྲོན། བོད་རང་སྐྱོང་ལྗོངས་སོགས་ཡོད་ལ་ཨ་རི་དང་ས་ཁུལ་འདི་དག་བར་གྱི་དཔལ་འབྱོར་ཉོ་ཚོང་ཐད་སྐུལ་སྤེལ་བྱེད་བཞིན་ཡོད་འདུག
ན་ནིང་གི་ཕྱི་ཟླ་བདུན་པར་རྒྱ་ནག་གཞུང་གིས་རྒྱ་ནག་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ཁང་དེ་སྒོ་བརྒྱབ་རྗེས། ཨ་རིས་དེའི་ཚབ་ཏུ་ཨ་རིའི་(Houston)་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་དོན་གཅོད་ཁང་སྒོ་རྒྱབ་ཡོད་ལ། ཁྲིན་ཏུའུ་ནང་གི་ཨ་རིའི་དོན་གཅོད་ཆེན་མོ་ལེན་ཇེ་ཝི་ཁྲིན་ཏུ་དང་ཁ་གྱེས་ཁར་རྒྱ་ནག་ལྷོ་ནུབ་ཁུལ་གྱི་ཨ་རིའི་ཚོང་ལས་ཚོགས་པ་དེས་སྐྱེལ་མའི་གསོལ་སྟོན་བཤམས་ཡོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།