གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར།

2022.08.05
Share on WhatsApp
Share on WhatsApp
གཞན་གྱིས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ཨ་རིས་ངོ་རྒོལ་བྱེད་ཀྱི་ཡིན་ཟེར། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་(ASEAN)་ཞེས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་ཚོགས་འདུའི་སྐབས། ༠༨།༠༥།༢༠༢༢
AP

དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས། འདི་ཚེས་༤ཉིན་ཀམ་བྷོ་ཌེ་ཡའི་(Cambodia)་རྒྱལ་ས་(Phnom Penh)་ནང་ཚོགས་པའི་(ASEAN)་ཞེས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག ཨ་མི་རི་ཀའི་གཞུང་གི་ངོས་ནས་ཐེ་ཝན་གྱི་ད་ལྟའི་གནས་བབ་དེར་འགྱུར་བ་གཏོང་རྒྱུར་ངོ་རྒོལ་དང་། ལྷག་པར་དུ་དྲག་པོའི་ཐོག་ནས་དེར་བསྒྱུར་བ་གཏོང་རྒྱུར་ངོ་རྒོལ་ཡོད་ལ་ཨ་མི་རི་ཀས་ཐེ་ཝན་གྱི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མེད། ཐེ་ཝན་གྱི་མཚོ་ཁའི་བདེ་འཇགས་དེ་མངའ་ཁུལ་གྱི་རྒྱལ་ཁབ་ཚང་མའི་ཁེ་ཕན་ལ་ཐུག་ཡོད་པ་གསུངས་འདུག
ད་དུང་ཁོང་གིས། དམག་འཁྲུག་སློང་ན་སུ་ལ་ཡང་ཕན་ཐོགས་མེད་པ་ང་ཚོ་དང་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཡིད་ཆེས་བྱེད་བཞིན་ཡོད། མ་ཟད་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་། རྒྱ་ནག་ལའང་ཁེ་ཕན་མེད། དམག་འཁྲུག་བྱས་ན་སྔོན་དཔག་མི་ཐུབ་མཇུག་འབྲས་འབྱུང་སྲིད་ཅེས་གསུང་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་གཟིགས་སྐོར་འགྲུབ་ནས་ཐེ་ཝན་ནས་ཕེབས་ཐོན་རྗེས། འདི་ཚེས་༤ཉིན་ནས་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་ཉེ་འགྲམ་དུ་དངོས་སུ་མེ་ཤུགས་འཕུར་མདེལ་འཕངས་ནས་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱེད་བཞིན་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས་རྒྱ་ནག་གི་ངོས་ནས་དཀའ་རྙོག་མི་འབྱུང་རྒྱུར་ཕྱི་འབྲེལ་གྱི་ཐབས་ལམ་གང་ཡོང་གནང་ཡོད་ཚུལ་དང་། གཞི་རྩའི་ཁེ་ཕན་ཁག་གི་ཐོག་མི་གནོད་པ་གཙོ་འདོན་བྱེད་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་པ་རེད་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་(ASEAN)་ཞེས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་འདུར་ཆེད་བཅར་གནང་ཡོད་པ་དང་། ད་རེས་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི། ར་ཤེ་ཡས་ཡུཀ་རེན་ནང་བཙན་འཛུལ་བྱེད་བཞིན་པ་དེས་འཛམ་གླིང་ནང་ཟ་འབྲུའི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་དང་། ཐེ་ཝན་གྱི་མཚོ་ཁའི་བརྟན་བརླིང་། མཡན་མར་ནང་གི་དཀའ་རྙོག་བཅས་པའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎