ཟི་ལིང་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་རྒྱུན་བསྲིང་འདུག

2022.04.18
Share on WhatsApp
Share on WhatsApp
ཟི་ལིང་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་རྒྱུན་བསྲིང་འདུག ནད་ཡམས་སྐབས་ཀྱི་ཟི་ལིང་གྲོང་ཁྱེར། ༠༤།༡༥།༢༠༢༢
བོད་འབྱོར།/RFA

དེ་ཡང་འདི་ཟླའི་ཕྱི་ཚེས་༡༤ཉིན་ཟི་ལིང་གྲོང་ཁྱེར་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་བཀོད་འདོམས་ཁང་ནས་བརྡ་ཐོ་སྤེལ་ཏེ། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༤པའི་ཚེས་༡༤ནས་ཚེས་༡༧བར། ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ཁུལ་དང་མཁར་ནུབ་ཁུལ་སོགས་ཀྱི་ནང་ནད་ཡམས་སྔོན་འགོག་ཆེད་ཀྱི་འབྲེལ་ཡོད་སྲུང་བྱ་དོན་ཚན་བརྒྱད་ཅན་གྱི་དོ་དམ་བཀའ་རྒྱ་སྤེལ་ནས་རང་འདོད་ངང་སྒོར་འགྲོ་མི་ཆོག་པ་དང་འདུ་འཛོམས་བྱེད་མི་ཆོག་པ། འཚོ་བའི་མཁོ་ཆས་ཉོ་བར་ཁྱིམ་ཚང་གཅིག་གི་མི་གཅིག་མ་གཏོགས་འགྲོ་མི་ཆོག་པ་སོགས་བཀོད་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༧ཉིན་ཡང་བསྐྱར་བརྡ་ཐོ་བཏང་ནས་ཟི་ལིང་གྲོང་ཁྱེར་ཡོངས་ཕྱི་ཚེས་༢༢བར་སྒོ་བརྒྱབ་པ་བརྗོད་འདུག་ལ། ཕྱི་ཚེས་༡༨ཉིན་གྱི་ས་གནས་ཆུ་ཚོད་༡༥བར་ཟི་ལིང་དུ་ནད་རྟགས་ཐོན་མཁན་མི་གྲངས་༨༡ཐོན་པ་རྒྱ་ནག་གཞུང་འབྲེལ་ཟི་ལིང་གྲོང་ཁྱེར་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྟངས་འཛིན་བཀོད་འདོམས་ཁང་གིས་གསལ་བསྒྲགས་སྤེལ་འདུག

xining (1).jpg
དེ་མིན་ད་ལྟ་མཚོ་སྔོན་གྱི་རྫོང་སོ་སོ་ནས་ཀྱང་རྫོང་ཁག་གཞན་པར་འགྲོ་སྐྱོད་མི་ཆོག་པ་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་། སྐུ་འབུམ་དགོན་པས་རིམས་ནད་སྔོན་འགོག་ཆེད་ཟླ་༤ཚེས་༡༤ནས་བཟུང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་ཏེ་སྐུ་འབུམ་དགོན་པ་གནས་སྐབས་རིང་སྒོ་རྒྱག་རྒྱུ་དང་། ནམ་ཞིག་ཡང་བསྐྱར་སྒོ་ཕྱེ་ན་དེ་དུས་དད་ལྡན་མང་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་པར་བརྡ་ཐོ་གཏོང་རྒྱུ་ཡིན་པ་བརྗོད་འདུག
རྒྱ་ནག་གི་དཔལ་འབྱོར་གྲོང་ཁྱེར་ཧྲང་ཧེ་ཡོངས་སུ་སྒོ་རྒྱབ་ནས་ཡུན་རིང་འགོར་བར་བརྟེན་མི་མང་གིས་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་བསྟན་ནས་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་བཞིན་པ་དང་། རྒྱ་ནག་གཞུང་གིས་དམ་དྲག་དང་བཀག་རྒྱ་ཤུགས་ཆེ་དྲགས་པར་བརྟེན་མི་མང་པོས་རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་རྩ་མེད་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།