ནང་པའི་ཚན་རིག་དང་དེང་དུས་ཀྱི་ཚན་རིག

2021-07-21
Share
ནང་པའི་ཚན་རིག་དང་དེང་དུས་ཀྱི་ཚན་རིག ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།
སྒྲོལ་དཀར།

གཏམ་གླེང་ཞལ་པར་ལེ་ཚན་ནང་འཕགས་ཡུལ་གྱི་ནང་པའི་གཞུང་ལས་བྱུང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་ཅེས་པའི་ཕྱག་དེབ་འདི་སྤྱི་ལོ་༢༠༡༤ལོར་བཙན་བྱོལ་ནང་པར་བསྐུན་གནང་ཡོད་པས། ཕྱག་དེབ་འདིའི་ནང་དོན་ཞིབ་ཕྲ་ངོ་སྤྲོད་ཞུ་རྒྱུའི་ཁོངས་ནས་ཐོག་མར་འདི་ཕྱོགས་སྒྲིག་གནང་དོན་གྱི་དགོངས་གཞི་དང་འགྲོ་བ་མིའི་སྤྱི་ཚོགས་འདིར་ཕན་ཐོགས། གཞུང་སྤྱི་བཤད། ཤེས་བྱ་ཡུལ་གྱི་རྣམ་གཞག འཕྲོས་དོན་དུས་ཀྱི་རྣམ་གཞག གཟུགས་ཅན་རྩོམ་བྱེད་ཀྱི་རྡུལ་ཕྲ་མོའི་རྣམ་གཞག སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་རིམ། མངལ་དུ་ལུས་ཆགས་རིམ་དང་རྩ་རླུང་ཐེག་ལེའི་རྣམ་གཞག ཡུལ་ཅན་བློའི་རྣམ་གཞག སེམས་བྱུང་གི་རྣམ་གཞག སེམས་ཕྲ་རགས་ཀྱི་རྣམ་གཞག བློ་ཡུལ་ལ་འཇུག་པའི་ཚུལ། བློས་ཡུལ་འཇལ་པའི་ཐབས། སྒོམ་གྱི་སྒོ་ནས་བློ་སྦྱོང་བའི་ཐབས་སོགས་རིམ་པས་ངོ་སྤྲོད་ཞུས་པ་དང་མཉམ་དུ་དེང་དུས་ཚན་རིག་པའི་ངོས་འཛིན་དང་ལྟ་ཚུལ་ཇི་ཡོད་ཀྱི་སྐོར་བཅས་པ་སེར་བྱེས་སྒོ་དར་བསོད་ནམས་དབང་ཕྱུག་ལགས་སུ་སྒྲོལ་དཀར་ལགས་ཀྱིས་བཀའ་འདྲི་ཞུས་པ་ཁག་གསན་རོགས་གནང་།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།