བོད་མིའི་སྒྲིག་འཛུགས་ཀྱིས་ཆབ་སྲིད་བཙོན་ཟུར་ལ་རོགས་སྐྱོར་གནང་རྒྱུ།

2022.06.13
Share on WhatsApp
Share on WhatsApp
བོད་མིའི་སྒྲིག་འཛུགས་ཀྱིས་ཆབ་སྲིད་བཙོན་ཟུར་ལ་རོགས་སྐྱོར་གནང་རྒྱུ།
Photo: RFA

ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ད་རེས་གཟའ་འཁོར་འདིའི་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་དང་སྔོན་འགོག་གི་སྨན་ཁབ་སོགས་ཀྱི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་བའི་སྐབས་དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་དང་དེའི་ནང་མི། ཆབ་སྲིད་ལས་འགུལ་ནང་ཞུགས་མྱོང་མཁན་ཚོར་འཚོསྣོན་དང་ཁང་པའི་དོད། སྨན་བཅོས་ཀྱི་མཐུན་འགྱུར་གནང་ཕྱོགས་དང་། དེ་བཞིན་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དགོས་མཁོ་ཅན་དང་། མཛེ་ནད་ནད་པ་ཚོར་སྨན་བཅོས་དང་འཚོ་སྣོན་གནང་ཕྱོགས་བཅས་ཀྱི་སྐོར་གསལ་བཤད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎