རྒྱལ་སྤྱིའི་ན་གཞོན་གྱི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༦ པ།

2022.08.09
Share on WhatsApp
Share on WhatsApp
རྒྱལ་སྤྱིའི་ན་གཞོན་གྱི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༦ པ། རྒྱལ་སྤྱིའི་ན་གཞོན་གྱི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༦ པའི་ཐོག་ཉམས་ཞིབ་པ་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་། རིག་གཞུང་བཅས་ཀྱི་བརྗོད་གཞིའི་ཐོག་ལ་དཔྱད་རྩོམ་སྙན་འབུལ་གནང་ཡོད་པ།
བཀྲིས་དབང་ཕྱུག

ཨ་རིའི་ཝར་ཇི་ནི་ཡ་གཙུག་ལག་སློབ་ཆེན་དུ་ཕྱི་ཟླ་ ༨ ཚེས་ ༡ ནས་ ༥ བར་རྒྱལ་སྤྱིའི་ན་གཞོན་གྱི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༦ པ་ཚོགས་ཤིང་། ཉམས་ཞིབ་པ་གཞོན་སྐྱེས་མི་རབས་ཚོས་བོད་ཀྱི་ཆོས་དང་། རིག་གཞུང་། ཆབ་སྲིད་བཅས་ཀྱི་བརྗོད་གཞི་སྣ་ཚོགས་ཐོག་ལ་དཔྱད་རྩོམ་སྙན་འབུལ་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཚོགས་འདུ་འདིར་མཉམ་ཞུགས་གནང་མཁན་བྱེས་ཀྱི་གདན་ས་སྨན་རི་གླིང་གི་དཔེ་མཛོད་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་དང་། དགེ་བཤེས་ཁྲི་གཡུང་དྲུང་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎