ལྷོ་སུ་ཌཱན་དུ་ཞི་བདེའི་དང་འདུམ་འགྲིག་ལྷན་ཚོགས།

2022.11.23
Share on WhatsApp
Share on WhatsApp
ལྷོ་སུ་ཌཱན་དུ་ཞི་བདེའི་དང་འདུམ་འགྲིག་ལྷན་ཚོགས།
བསྟན་འཛིན་བརྩོན་འགྲུས།

བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བཙོན་འགྲུས་ལགས་ཉེ་ལམ་ལྷོ་སུ་ཌཱན་(South Sudan)ཡུལ་དུ་སྤྱི་ཟླ་༡༡པའི་ཚེས་༧ནས་༡༢་བར་གཞུང་འབྲེལ་མིན་པའི་བོད་པའི་སྐུ་ཚབ་ཀྱིས་ངོ་བོ་ཐོག་ནས་ཞི་བདེའི་དང་འདུམ་འགྲིག་ལྷན་ཚོགས་ཁག་ཅིག་ནང་མཉམ་ཞུགས་བྱས་འདུག ཁོང་གིས་བོད་ཀྱི་འཐབ་རྩོད་དང་བོད་དོན་ལ་ཕྲད་བཞིན་པའི་གདོང་ལེན་བྱེད་ཕྱོགས་ཁག་གི་སྐོར། བཙན་འཛུལ་འོག་ཡོད་པའི་འཐབ་རྩོད་པ་རྒྱལ་ཁབ་གཞན་༢༠ཙ་གྲང་ནས་ཕེབས་པ་ཚོ་དང་སྦྱང་བཤད་དང་ཉམས་མྱོང་བརྗེ་ལེན་གྱིས་བོད་དོན་ཐོག་གཏམ་བཤད་དང་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ད་བར་ལྷོ་སུ་ཌཱན་ཡུལ་དུ་བོད་མི་དང་བོད་དོན་འཐབ་རྩོད་པ་ཚོས་ཞབས་ཀྱིས་བཅག་པ་ཧ་ལམ་ཆེས་དཀོན་པ་ཞིག་ཡིན་པ་མ་ཟད་། ཡུལ་དེར་རྒྱ་ནག་གིས་དཔལ་འབྱོར་འཛུགས་བསྐྲུན་ལ་སོགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡུལ་ཞིག་ཆགས་ཡོད་སྟབས།བོད་མིའི་བདེ་དོན་སེལ་ཐབས་ལ་སྨིན་པའི་གོ་སྐབས་གསར་པ་དང་འབྲེལ་ལམ་འཛུགས་རྒྱུ་ཇི་ལྟར་གལ་ཆེ་ཡིན་མིན་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ཁ་བརྡ་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎