ཧྥ་རན་སིར་བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ།

2022.06.22
Share on WhatsApp
Share on WhatsApp
ཧྥ་རན་སིར་བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ།
བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ།

ཧྥ་རན་སིར་གནས་སྡོད་བོད་མི་རྣམ་རྒྱལ་ཚེ་རིང་སོགས་ནས་ལྷག་བསམ་ཆེར་བསྐྱེད་ཀྱིས་ཕྱི་ཡུལ་དུ་ཡོད་པའི་བོད་རིགས་ན་གཞོན་རྣམས་དང་ཕྱི་རྒྱལ་བ་བཅས་ལ་དམིགས་ནས་བོད་ཀྱི་ཆོས་དང་རིག་གཞུང་དང་།མིའི་ཡ་རབས་སྤྱོད་བཟང་གོང་སྤེལ་ཡོང་ཐབས་སོགས་ཀྱི་ཆེད་།བོད་ཀྱི་ཆོས་དང་རིག་གཞུང་སློབ་ཁང་ཞིག་གསར་འཛུགས་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་ལེགས་གསོ་གནང་བ་མ་ཟད།ཡང་ཇི་ལྟར་གསོལ་བ་ཞུས་པ་བཞིན་སློབ་གཉེར་ཁང་དེ་ལ་བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ་ཞེས་༧གོང་ས་མཆོག་གིས་མཚན་གསོལ་སྩལ་མཛད་འདུག
གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༢༠༢༢ལོའི་ཕྱི་ཟླ་༥པའི་ཚེས་༢གནང་སོན་བྱུང་བའི་ཕྱག་ཡིག་དེའི་ནང་།བོད་མི་སྒེར་པ་ཞིག་གིས་མ་བསྐུལ་དང་བླངས་ཀྱིས་ཐོག་ནས་གཉེར་བའི་སློབ་གཉེར་ཁང་དེའི་སྐོར་སྙན་སེང་ཞུས་པར་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཏུ་གྱུར་ཡོད་ཅིང།འབྲེལ་ཡོད་ཚོས་ཐུགས་བདེ་པོ་ངང་ནས་ཕྱག་ལས་གནང་འོས་པ་ཞིག་ཏུ་གྱུར་ནས། ཁུར་དེར་གནས་འཁོད་རང་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་དང་རྒྱལ་བའི་ཐུགས་བསྐྱེད་གཞི་ངོ་སྤྲོད།གླུ་གཞས་ཟློས་གར་དང་རོལ་ཆ་བཅས་པ་གང་ཡོང་སློབ་ཁྲིད་གནང་མུས་ཡིན་པ་རེད་འདུག།
དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་ཧྥ་རན་སི་བོད་ཀྱི་རིག་གཞུང་གཅེས་འཛིན་སློབ་གྲྭ་གསར་འཛུགས་མཁན་བོད་རིགས་རྣམ་རྒྱལ་ཚེ་རིང་ལགས་དང་སློབ་གྲྭའི་རྒན་དགེ་བཤེས་ཟླ་བ་ཚེ་རིང་རྣམ་པ་གཉིས་དང་སྒེར་གཉེར་སློབ་གྲྭའི་དམིགས་ཡུལ་དང་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའིསྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དང་ལྷན་གླེང་མོལ་བྱེད་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཚུལ་ཁྲིམས་ལགས་རྐྱེན་ལམ་དུ་བཏང་བའི་གྱོད་གཞི་ཁྲིམས་མཐུན་རྟོག་ཞིབ་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎