བོད་མིའི་ཆོས་དང་སྐད་ཡིག་གི་ཐོག་རྒྱ་ནག་གིས་དམ་བསྒྲགས་ཇི་ལྟར་བྱས་ཚུལ།

2021-09-29
Share
བོད་མིའི་ཆོས་དང་སྐད་ཡིག་གི་ཐོག་རྒྱ་ནག་གིས་དམ་བསྒྲགས་ཇི་ལྟར་བྱས་ཚུལ། བོད་པའི་སློབ་ཕྲུག་ཚོར་དམག་དོན་ཟབ་སྦྱོང་སྤྲོད་བཞིན་པ།
བོད་གནས་ལྟ་ཞིབ།

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་བོད་མིའི་ཆོས་དང་སྐད་ཡིག་གི་ཐོག་རྒྱ་ནག་གིས་དམ་བསྒྲགས་ཇི་ལྟར་བྱས་ཚུལ་གནད་དོན་བྱེ་བྲག་པ་གསུམ་དཔེ་མཚོན་གྱིས་ཐོག་ནས་བགྲོེ་གླེང་བྱེད་རྒྱུ་ཡིན་། གནད་དོན་གསུམ་དེ་དག་ནི་འདི་ལོ་རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་སློབ་གྲྭའི་གུང་གསེང་དང་བསྟུན་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུའི་ཚབ་ཏུ་དམག་དོན་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། གཞན་ཡང་འདི་ལོ་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་སུ་ཡོད་པའི་མཁར་དམར་དགོན་པ་སྒོ་རྒྱག་དགོས་པ་དང་གྲྭ་བཙུན་རྣམས་སྐྱ་སར་འབབ་དགོས་པའི་བཙན་བཀའ་བཏང་བ་། དཔེ་མཚན་གསུམ་པ་དེ་ལོ་ཤས་སྔོན་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁོངས་སུ་ཡོད་པའི་ཡ་ཆེན་སྒར་ནང་དུ། གྲྭ་བཙུན་རྣམས་གཞུང་གིས་ཚོད་འཛིན་བྱས་ནས་ཕྱིར་ཕུད་བཏང་བ་སོགས་གནས་ཚུལ་དེ་དག་གིས་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་རྒྱ་ནག་གིས་མུ་མཐུད་བརྩིས་མེད་རྡོག་རོལ་ཇི་ལྟར་གཏང་བའི་སྐོར་བཞུགས་སྒར་རྡ་རམ་ས་ལ་བཞུགས་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་དང་ཨ་རིའི་ཁ་ལི་ཕོ་ནི་ཡ་མངའ་སྡེའི་ནང་གཏན་གཞི་བྱེད་པའི་འཇམ་དབྱངས་ཆོས་འཁོར་གླེང་གི་འགན་འཛིན་མཁན་པོ་ཀར་བསྟན་མཆོག་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛོིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱེད་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།