བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༣།༣༠

2023-03-30

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་སྐབས་ ༢༠ པའི་དཀའ་བཅུ་པ་ཚོར་མཇལ་ཁ་བསྩལ་སྐབས་བོད་ཀྱི་རིག་གཞུང་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་བཀའ་སློབ་བསྩལ་གནང་མཛད་འདུག • ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་དབུས་གྲོས་ཚོགས་འཐུས་མི་གནད་འགག་ཅན་ཁག་ཅིག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུལ་དེད་གཏོང་བའི་ཁྲིམས་འཆར་འདི་གལ་གནད་ཆེན་པོར་རྩིས་བཞིན་ཡོད་སྐོར་གསུངས་ཡོད་པ། • བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཐེ་ཝན་དུ་ཕྱོགས་ཕེབས་ཀྱིས་ཐེ་ཝན་ཕྱི་སྲིད་བློན་ཆེན་ Joseph Wu དང་མཇལ་ཕྲད་གནང་ཞིང་། རྒྱ་སྐྱེད་གཏོང་བཞིན་པའི་རྒྱ་ནག་གྱི་དྲག་པོའི་ནུས་པར་མཉམ་འདུས་ཀྱི་གདོང་ལེན་བྱ་དགོས་པའི་འབོད་སྐུལ་གནང་འདུག