བརྙན།

སྙིང་སྟོབས་ཀྱི་གཟེངས་རྟགས།

2023-11-21

ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིག་མེད་ལགས་ལ་ ཨ་མེ་རི་ཀའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པས་སྙིང་སྟོབས་གཟེངས་རྟགས་ཕུལ་ཡོད་པ་ལྟར། དེ་རིང་གི་གླེང་མོལ་གྱི་ལེ ཚན་ནང་། ཨ་མེ་རི་ཀའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པས་སྙིང་སྟོབས་ཀྱི་གཟེངས་རྟགས་འདི་དང་འབྲེལ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས། རྒྱལ་སྤྱིའི་སྤྱི་ཚོགས་དང། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཆེད་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་མཉམ་དུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།