བརྙན།
བརྙན་འཕྲིན་གསར་འགྱུར། ༢༠༢༤།༡༡།༢༨
2024-11-28
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་གསར་འགྱུར། ༢༠༢༤།༡༡།༢༨ ཐེངས་འདིའི་བརྙན་འཕྲིན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རོགས་ཚོགས་ཀྱི་རྒྱ་གར་དང་འབྲུག་ནང་གི་ལས་འཆར་འགན་འཛིན་སིཊི་ཝེན་ཨོ་ལིལྦ་དབུས་ཨ་མི་རི་ཀའི་རོགས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་གནང་མཛད་འདུག དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༧ ཐུན་མོང་གིས་བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་པ་ནན་བརྗོད་གནང་འདུག རི་བོ་དགེ་ལྡན་པ་སྤྱིའི་ཐོག་ནས་ཞྭ་སེར་བསྟན་པའི་མངའ་བདག་༧སྐྱབས་རྗེ་དགའ་ལྡན་ཁྲི་པ་གསར་པར་རྟེན་འབྲེལ་དང་༧སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་མཆོག་ལ་བཀྲིན་གཏང་རགས་ཀྱི་ཚུལ་དུ་ཁྲི་གདན་ཟུར་རྣམ་པ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་སོགས་ཡོད། RFA Tibetan TV Program-November 28, 2024 Anchor:Tashi Wangchuk Producer: Nordon