བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༦།༡༦།

2022-06-16

༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཚོགས་འདུར་གསུང་འཕྲིན་བསྩལ་བའི་ནང་། དུས་འཁོར་སྦྱོར་དྲུག་གི་སྒོམ་གྲྭ་ཞེས་མིང་ཐོགས་པ་ཇི་བཞིན་རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་དགོས་པ་བཀའ་གནང་འདུག ༢) ལོ་ངོ་ཉི་ཤུ་རྩ་དགུའི་རྗེས། སོག་ཡུལ་དུ་ས་ག་ཟླ་བའི་དུས་ཆེན་སྐབས། རྒྱ་གར་ནས་སངས་རྒྱས་བཅོན་ལྡན་འདས་ཀྱི་རིང་སྲེལ་རིན་པོ་ཆེ་གདན་ཞུ་ཐོག་མང་ཚོགས་ལ་མཇལ་ཁ་བཏང་འདུག ༣) བཀའ་ཟུར་སྐྱབས་ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པ་དང་བསྟུན་བརྟན་ཞུགས་མདོ་སྨད་པ་ཡོངས་ནས་བརྟན་ཞུགས་བསྟར་འབུལ་ཞུས་ཤིང་། རིན་པོ་ཆེ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་དགུ་སྟོན་གྲ་སྒྲིག་ཞུ་དགོས་པ་གསུངས་འདུག

དྲ་གནས་ཆ་ཚང༌།