བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༤།༡༢།༠༥

2024-12-05

· སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཧོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། དགོས་མཁོ་ཅན་གྱི་མི་རྣམས་ལ་རོགས་སྐྱོར་ཆེད་(UNESCO) ཚོགས་པའི་ནང་འགན་འཁུར་བཞེས་མཁན་ (Forest Whitaker) ལགས་སུ་མཇལ་ཁ་སྩལ་ཞིང་། ཁོང་གིས་༸གོང་ས་མཆོག་ནི་འཛམ་གླིང་ནང་ཞི་བདེའི་དེད་དཔོན་ཡིན་པ་གསུངས་བྱུང་། · རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་སིཀོཊ་ལནཌི་གཞུང་གིས་བཙན་བྱོལ་བོད་མིའི་སྐུ་ཚབ་དང་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཡོད་པ་བརྗོད་ཀྱང་། གྲོས་ཚོགས་ནང་དུ་བོད་དོན་ཐོག་ལ་རྒྱབ་སྐྱོར་དང་གོ་རྟོགས་ཡག་པོ་ཡོད་པ་སིཀོཊ་ལེནཌིའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། · ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་དང་བོད་ཀྱི་རྩ་དོན་ཐོག་ལ་མང་ཚོགས་ཀྱི་འགོ་ཁྲིད་ཐུབ་པ་འབད་བརྩོན་བྱ་དགོས་པ་གསུངས་འདུག Reporter: Tashi Wangchuk Producer: Yeshi Tashi